ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༤/༡༠/༠༥
བཙན་བྱོལ།
ཨ་རིར་སློབ་འགྲིམས་བོད་པའི་སློབ་ཟུར་ཚོགས་པར་རོགས་དངུལ།
༢༧།༡༠།༢༠༢༠
Embed
share
ཨ་རིར་སློབ་འགྲིམས་བོད་པའི་སློབ་ཟུར་ཚོགས་པར་རོགས་དངུལ།
Embed
share
The code has been copied to your clipboard.
width
px
height
px
The URL has been copied to your clipboard
No media source currently available
0:00
0:02:41
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
240p | 7.3MB
360p | 10.1MB
480p | 15.1MB
720p | 40.1MB
1080p | 47.9MB
ཨ་རིར་སློབ་འགྲིམས་བོད་པའི་སློབ་ཟུར་ཚོགས་པར་རོགས་དངུལ།
པར་འདེབས་པ།
༄༅།། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་གིས་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞིའི་ཁོངས་སུ་ཨ་མི་རི་ཀར་སློབ་གྲྭར་འགྲིམས་པའི་བོད་པའི་སློབ་ཟུར་ཚོགས་པར་སྤྱི་ཚོགས་ཕན་པའི་ལས་གཞི་བསྒྲུབ་པའི་ཆེད་དུ་མ་དངུལ་ཨ་སྒོར་ཁྲི་ལྔ་རོགས་རམ་སྤྲད་ཡོད་ཅིང་། འདི་ནི་ཨ་རིའི་གཞུང་ཚབ་ཁང་གིས་ཨ་རིར་སློབ་འགྲིམས་བོད་པའི་སློབ་ཟུར་ཚོགས་པར་མ་དངུལ་རོགས་རམ་སྤྲད་པ་ཐེངས་དང་པོ་ཡིན་འདུག ༡༩༨༨་ལོར་ཨ་རིའི་བོད་མིའི་སློབ་ཡོན་ལས་གཞི་མགོ་བརྩམས་ཏེ་ཨ་རིའི་གཞུང་གི་སློབ་ཡོན་རོགས་རམ་འོག་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་ལས་ཁུངས་དང་ཨ་རིའི་བོད་ཀྱི་ཐེབས་རྩ་ཁང་གཉིས་ཟུང་འབྲེལ་ཐོག་ཏུ་འཛིན་སྐྱོང་བྱེད་བཞིན་ཡོད་པར་མ་ཟད། ད་ལྟའི་བར་དུ་བོད་པའི་སློབ་ཕྲུག་༥༠༠་ལྷག་གིས་ཨ་རིའི་སློབ་ཆེན་ཁག་ཏུ་ཆེད་ལས་འདྲ་མིན་གྱི་སློབ་སྦྱོང་བྱས་ནས་རྒྱ་གར་ལ་ཕྱིར་ལོག་བྱས་ཏེ་བོད་པ་བཙན་བྱོལ་བའི་སྤྱི་ཚོགས་སུ་སྲི་ཞུ་བསྒྲུབས། ཉེ་ཆར་སྤྱི་ཟླ་༧་པར་ཨ་རིའི་སློབ་ཡོན་ཐོབ་པའི་སློབ་ཕྲུག་བརྒྱད་ཨ་རི་ནས་རྒྱ་གར་ལ་ཕྱིར་ལོག་བྱས་ཏེ་བོད་པའི་སྤྱི་ཚོགས་སུ་ལས་དོན་བསྒྲུབ་རྒྱུ་འགོ་ཚུགས། ཟླ་བ་འདིར་༢༠༢༡་ལོར་ཨ་རིར་གཏོང་རྒྱུའི་བོད་པའི་སློབ་ཕྲུག་རྣམས་འདེམས་སྒྲུག་བྱེད་ཀྱི་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
ཨ་རིར་སློབ་འགྲིམས་བོད་པའི་སློབ་ཟུར་ཚོགས་པར་རོགས་དངུལ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:00
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
ཆབ་སྲིད་བཙོན་ཟུར་སྟག་སྣ་འཇིགས་མེད་བཟང་པོའི་སྐུ་ཕུང་ཞུགས་འབུལ།
རྣམ་གླིང་རྫོང་དུ་བོད་པ་ཚོ་བཙན་གྱིས་གནས་སྤོར་བྱེད་དུ་འཇུག་གི་ཡོད་པ།
Back to top
XS
SM
MD
LG