ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༢/༠༥/༢༣

ཨ་རི་དང་རྒྱ་ནག་གི་ཕྱི་འབྲེལ་དཔོན་རིགས་ཀྱིས་ཨབ་གྷ་ཎི་སི་ཐན་གྱི་གནས་སྟངས་ཐོག་གླེང་པ།


ཨབ་གྷ་ཎི་སི་ཐན་གྱི་ཐ་ལེ་པན་གྱིས་རྒྱལ་ས་ཁཱ་སྦུལ་བཙན་བཟུང་བྱས་ནས་ཉིན་གཉིས་ཕྱིན་པའི་སྐབས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྦི་ལིན་ཁེན་ནས་ཕྱི་ལོ་༢༠༢༡ལོའི་ཟླ་༨ཚེས་༡༦ཉིན་རྒྱ་ནག་ཚུད་པའི་རྒྱལ་ཁབ་མང་པོ་ཞིག་གི་ཕྱི་འབྲེལ་བློན་ཆེན་དང་ལྷན་དུ་བཀའ་མོལ་གནང་སྟེ་ཐུན་མོང་ཐོག་ནས་ཛ་དྲག་གི་འགྱུར་བ་ཕྱིན་པའི་བདེ་འཇགས་ཀྱི་གནས་སྟངས་ལ་གདོང་ལེན་བྱེད་ཕྱོགས་ཐད་མདུན་ལམ་འཚོལ་ཞིབ་གནང་བཞིན་ཡོད་པ་དང་། ཨ་རིའི་ཕྱི་སྲིད་བློན་ཆེན་གྱིས་རྒྱ་ནག་གི་ཕྱི་འབྲེལ་བློན་ཆེན་ལ་ཞལ་པར་བརྒྱུད་རྒྱ་ནག་གིས་གཞོགས་འདེགས་དགོས་པའི་རེ་བ་བཏོན་ཡོད་རུང་རྒྱ་ནག་ཕྱོགས་ནས་གོ་སྐབས་དེ་དང་བསྟུན་ནས་ཨ་མི་རི་ཀར་སློབ་གསོ་ཞིག་བཏང་ཡོད་པ་རེད་ཅེས་བཤད་ཡོད་པའི་སྐོར་འདི་ག་VOAཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོ་ལགས་ཀྱིས་སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG