ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཨ་རིའི་འཕྲུལ་ཆས་སྤྱད་ནས་ཡུ་གུར་བ་ཚོར་ལྟ་རྟོག


༄༅།། ཨ་རིའི་ནེའུ་ཡོག་དུས་བབ་ཀྱིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཞིན་ཅང་ས་ཁུལ་གྱི་ཡུ་གུར་བ་ཚོར་ལྟ་རྟོག་ནན་མོ་བྱེད་པར་གང་ས་གང་དུ་ལྟ་རྟོག་པར་ཆས་བཙུགས་ཡོད་པའི་སྣང་ཚུལ་ཡ་ང་བ་ཞིག་མཐོང་རྒྱུ་ཡོད་ཅིང་། འདི་ལ་འཛམ་གླིང་གི་མི་རྣམས་ཧང་སང་དགོས་པ་ཞིག་རེད། ད་ལྟའི་བར་དུ་རྒྱ་ནག་དམར་ཤོག་སྲིད་གཞུང་གིས་ཡུ་གུར་བ་ཚོར་དྲག་གནོན་བྱེད་པར་འཐབ་ཇུས་གང་འདྲ་ཞིག་སྤེལ་ཡོད་མེད་གསལ་པོ་ཞིག་ཤེས་རྟོགས་མི་ཐུབ་ཀྱང་ཨ་རིའི་འཕྲུལ་རིག་ལག་རྩལ་བཀོལ་སྤྱོད་ལོག་པར་བཏང་ནས་ཡུ་གུར་བ་ཚོར་ལྟ་རྟག་བྱེད་བཞིན་འདུག་ཅེས་གནས་ཚུལ་ཞིག་སྤེལ་འདུག་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG