ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

བོད་ཀྱི་གཞོན་ནུ་ཚོས་རྒྱ་ནག་གཞུང་ཚབ་ཁང་ལ་རྒོལ་མཆོང་།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་ཚོས་ལྡི་ལི་གསར་པར་བཅའ་སྡོད་རྒྱ་ནག་གཞུང་ཚབ་ཁང་ལ་རྒོལ་མཆོང་བྱས་ནས་ངོ་རྒོལ་ལས་འགུལ་ཞིག་སྤེལ་ཏེ་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༡་པ་སྲུང་བརྩི་ཞུས་ཤིང་། གསུམ་བཅུའི་དུས་དྲན་ནི་ཐོག་མར་༡༩༥༩་ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་དམངས་ཀྱིས་རྒྱ་ནག་གི་དབང་སྒྱུར་ངོ་རྒོལ་གྱེན་ལངས་བྱས་པའི་ཉིན་མོ་དེར་དྲན་གསོ་ཞུ་བའི་དུས་ཚིགས་གལ་གནད་ཅན་ཞིག་ཡིན་པ་ལྟར་དེ་རིང་ཕྱི་ཟླ་༣་པའི་ཙེས་༡༠་ཉིན་བོད་པ་བཙན་བྱོལ་བའི་སྒྲིག་འཛུགས་ཁོངས་སུ་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་ཏེ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རྒྱུན་འཁྱོངས་དང་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་གྱིས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་མི་༡༡་ལྡི་ལི་གསར་པའི་རྒྱ་ནག་གཞུང་ཚབ་ཁང་དུ་རྒོལ་མཆོང་བྱས་ནས་ངོ་རྒོལ་བྱས་ཀྱང་སྔ་དྲོའི་ཚོུད་༡༡་དང་ཕྱེད་ཀའི་ཐོག་ཏུ་རྒྱ་གར་གྱི་ཉེན་རྟོག་པས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་འགུལ་བ་རྣམས་འཛིན་བཟུང་བྱེད་ཡོད་པའི་སྐོར། འདི་ག་བོད་སྐད་སྡེ་ཚན་གྱི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་ནོར་བཟང་ལགས་ཀྱིས་ལྡི་ལི་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།

XS
SM
MD
LG