ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

དུས་དབང་སྐབས་གཞོན་ནུས་ཞབས་ཞུ་བསྒྲུབ་འཆར།


ཟླ་བ་འདིའི་ཟླ་མཇུག་ལ་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་དུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་སྐྱབས་མགོན་ཆེན་པོ་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་༣༢་པ་གནང་རྒྱུ་ཡིན་ཞིང་། སྐབས་དེར་ བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེ་ཤོས་གཞོན་ནུ་ལྷན་ཚོགས་ཀྱིས་མི་མང་ཆོས་ཞུ་བ་ཚོར་སྐད་སྒྱུར་དང་ལམ་ཁྲིད་སོགས་ཀྱི་དང་བླངས་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པའི་སྐོར། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལ་ཚེ་རིང་སྐྱིད་ཀྱིས་བཅར་འདྲི་ཞུགས་པ་ཞིག་གསན་རོགས་གནང་།

XS
SM
MD
LG