བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་བོད་ཀྱི་དབུས་གཞོན་ནུ་ལྷན་ཚོགས་ཀྱིས་མདོ་སྨད་ཀིརྟི་དགོན་པའི་ནང་དུ་རྒྱ་ནག་གཞུང་ནས་དམག་མི་བཏང་སྟེ་དྲག་གནོན་ཤུགས་ཆེ་བྱེད་བཞིན་པ་དེ་དག་མཚམས་འཇོག་མ་བྱས་པའི་བར་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་ས་གནས་གང་སར་སྤེལ་རྒྱུའི་ཁྱབ་བསྒྲགས་གནང་བ་དང་སྒྲགས་བཞུགས་སྒར་དུ་ལས་འགུལ་དེ་དབུ་འཛུགས་གནང་ཡོད་པའི་སྐོར་འདི་གའི་གསར་འགྱུར་མཁོ་གཏོང་བ་ཚེ་རིང་མིག་དམར་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།