ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ནང་བོད་མི་གཉིས་ཀྱིས་རང་ལུས་མེར་སྲེག་གིས་ངོ་རྒོལ་བྱས་འདུག


ད་རིང་བོད་ཀྱི་དུས་ཚོད་ཕྱིདྲོའི་ཚོུད་ ༣།༣༠ ཙམ་ལ་བོད་ཀྱི་ས་ཁུལ་ཡུལ་ཤུལ་རང་སྐྱོང་ས་ཁུལ་རྫ་སྟོད་གྲོང་རྡལ་ནང་ངག་དབང་ནོར་འཕེལ་ལགས་དང་བསྟན་འཛིན་མཁས་གྲུབ་ལགས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག་པ་དང་། གནས་ཚུལ་དེའི་སྐོར་ལ་ཞིབ་ཕྲ་རྒྱུས་མངའ་ཡོད་པ་རྒྱ་གར་ལྷོ་ཕྱོགས་སེ་ར་བྱེས་ནས་སྐུ་ཞབས་བློ་བཟང་སངས་རྒྱལ་ལགས་སུ་བཅར་འདྲི་བྱེད་ཀྱི་ཡིན།

དེ་བཞིན་རང་ལུས་མེར་བསྲེགས་བཏང་བའི་བརྙན་པར་ཞིག་འབྱོར་བ་དེའི་ནང་འཇིགས་དངངས་ཅན་གྱི་པར་འདུག་པ་དེ་ཕྲུ་གུ་སོགས་ཀྱི་མཐོང་རྒྱུར་འཛེམས་ཟོན་དང་ཡིད་གཟབ་གནང་རོགས་ཞུ་རྒྱུ་ཡིན།

XS
SM
MD
LG