ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་མིག་དམར། ༢༠༢༦/༠༣/༡༠
བོད།
རྒྱ་གཞུང་གིས་ཡུལ་ཤུལ་ཁུལ་གྱི་བོད་པ་གཉིས་འཛིན་བཟུང་།
༡༣།༡༠།༢༠༢༠
རྒྱ་གཞུང་གིས་ཡུལ་ཤུལ་ཁུལ་གྱི་བོད་པ་གཉིས་འཛིན་བཟུང་།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
རྒྱ་གཞུང་གིས་ཡུལ་ཤུལ་ཁུལ་གྱི་བོད་པ་གཉིས་འཛིན་བཟུང་།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:01
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། རྒྱ་ནག་གཞུང་གིས་ཆ་བགོ་བྱེད་ཡོད་པའི་མཚོ་སྔོན་ཞིང་ཆེན། ཡུལ་ཤུལ་ཁུལ་གྱི་སྡོམ་གདའ་ཡུལ་མཚོ། སྐར་ཆེན་རུ་ཁག་དང་པོའི་རྡོ་སྐྱབས་དང་གེ་རུ་གྲགས་པ་གཉིས་དེ་རིང་ཕྱི་ཟླ་༡༠་པའི་ཚེས་༡༢་ཉིན་བོད་ནང་གི་ཞོགས་པའི་ཚོུད་༨་པ་ཡས་མས་སུ་སྡོམ་གདའ་ཡུལ་མཚོའི་རྒྱ་གཞུང་གི་ཉེན་རྟོག་པས་འཛིན་བཟུང་བྱས་ཏེ་སྡོམ་གདའ་ཡུལ་མཚོའི་ཉེན་རྟོག་ཁང་དུ་ཁྲིད་ནས་བཀག་ཉར་བྱེད་ཡོད་པའི་གནས་ཚུལ་ཐོན་འདུག
དེ་ཡང་མིང་དངོས་སུ་བརྗོད་འདོད་མེད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྡོ་སྐྱབས་དང་གེ་རུ་གྲགས་པ་གཉིས་འཛིན་བཟུང་བྱས་པའི་སྐབས་དེར་རྒྱུ་མཚན་གསལ་པོ་ཞིག་བཤད་མེད་ཀྱང་ས་གནས་མང་ཚོགས་ཀྱིས་ཚོད་དཔག་ལ་༢༠༡༩་ལོར་རྡོ་སྐྱབས་ཀྱིས་ལ་རྒྱའི་གླེང་སྟེགས་ཟེར་བའི་སྐད་འཕྲིན་ཚོགས་པ་ཞིག་བཙུགས། ད་ལྟའི་ཆར་སྐད་འཕྲིན་ཚོགས་པ་དེར་ཚོགས་མི་༢༡༡་ཡོད་པར་མ་ཟད། ཚོགས་པའི་ནང་དུ་གཙོ་བོ་བོད་ཀྱི་ལག་ཤེས་དང་རིག་གཞུང་སྐོར་བགྲོ་གླེང་། སྐད་འཕྲིན་ནང་དུ་དངུལ་སྒོར་བསྡུ་རུབ་བྱས་ཏེ་སྐར་ཆེན་རུ་ཁག་དང་དར་དམར་རུ་ཁག་སོགས་ཀྱི་ཁྱིམ་ཚང་དབུལ་པོ་རྣམས་ཀྱི་བྱིས་པ་ཚོར་སློབ་ཡོན་རོགས་སྐྱོར་བྱེད་ཀྱི་ཡོད་པ་རྣམས་ཆབ་སྲིད་ཀྱི་གནད་དོན་ལ་བརྩིས་ནས་འཛིན་བཟུང་བྱས་པ་ཡིན་སྲིད། དེ་མིན་རྡོ་སྐྱབས་ཀྱིས་ལས་འགུལ་འདྲ་མིན་སྤེལ་བ་དང་གནད་དོན་འདྲ་མིན་གླེང་སློང་བྱེད་ཀྱི་ཡོད་པའི་སྐད་ཆ་གང་ཡང་གོ་ཐོས་བྱུང་མ་མྱོང་ཞེས་འགྲེལ་བརྗོད་བྱས་འདུག
གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བཤད་པ་ལྟར་ལྟར་ན། རྡོ་སྐྱབས་ནི་ཚོང་པ་ཞིག་ཡིན་པ་དང་སྐྱེ་དགུ་མདོར་ས་ཡོམ་གྱི་གོད་ཆག་བྱུང་བའི་སྐབས་སུ་མི་མང་ལ་རྒྱ་སྒོར་༢༧༠༠༠༠་རོགས་སྐྱོར་གནང་མྱོང་ཡོད་པས་ས་གནས་མང་ཚོགས་ཀྱིས་ཆེ་མཐོང་དང་དགའ་མོས་བྱ སའི་མི་ཞིག་ཏུ་གྱུར། ཁོང་ནི་ལོ་ན་༦༠་ཡས་མས་སུ་སོན་ཡོད་པ་དང་དུས་རྒྱུན་ཡུལ་ཤུལ་ཁུལ་དུ་སྡོད་ཀྱི་ཡོད་པ་རེད། ཁོང་ལ་སྲིང་མོ་ཞིག་དང་སྤུན་མཆེད་བུ་ཞིག་བཅས་ཤུལ་དུ་གཉེན་ཚན་གཉིས་འདུག་ཅེས་འགྲེལ་བརྗོད་གནང་འདུག
གཞན་ཡང་རྡོ་སྐྱབས་ཀྱི་རོགས་པ་གེ་རུ་གྲགས་པ་ནི་ཁྱིམ་ཚང་གི་འཁོས་འབྱོར་ཞན་པའི་སྟབས་ཀྱིས་རྒྱུན་དུ་ཚོང་པ་རྡོ་སྐྱབས་གང་དུ་ཕྱིན་ཀྱང་དེའི་མཉམ་དུ་ཁྲིད་ནས་འགྲོ་བཞིན་ཡོད་པ་རེད། དེར་བརྟེན་ཁོ་པ་རྡོ་སྐྱབས་ཀྱི་མཉམ་དུ་འཛིན་བཟུང་བྱས་པ་ཡིན་སྲིད་ཅེས་བཤད། ས་གནས་མང་ཚོགས་ཀྱིས་རྡོ་སྐྱབས་འཛིན་བཟུང་བཀག་ཉར་བྱེད་དགོས་དོན་དེ་ཉིད་ལ་རྒྱའི་གླེང་སྟེགས་སྐད་འཕྲིན་ཚོགས་པའི་གནད་དོན་ཡིན་ཚེ། སྐད་འཕྲིན་ཚོགས་པའི་ནང་གི་ཚོགས་མི་གཞན་ཚོ་ལའང་དཀའ་ངལ་འཕྲད་མི་སྲིད་པ་མ་རེད་ཅེས་སེམས་ཁྲལ་བྱེད་ཀྱི་ཡོད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
འབྲེལ་ཡོད།
རྒྱ་ནག་གིས་ཆོས་དད་རང་དབང་བརྡལ་བཤིག་གཏོང་བ་ཐེར་འདོན་བྱ་དགོས།
ཪོང་པོ་དགོན་ཆེན་ལ་མདོ་སྨད་འཇང་དགུན་ཆོས་འཚོགས་བཞིན་པ།
XS
SM
MD
LG