ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཉི་མ། ༢༠༢༦/༠༢/༢༢
བོད།
ཪོང་པོ་དགོན་ཆེན་ལ་མདོ་སྨད་འཇང་དགུན་ཆོས་འཚོགས་བཞིན་པ།
༡༢།༡༠།༢༠༢༠
ཪོང་པོ་དགོན་ཆེན་ལ་མདོ་སྨད་འཇང་དགུན་ཆོས་འཚོགས་བཞིན་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
Embed
share
ཪོང་པོ་དགོན་ཆེན་ལ་མདོ་སྨད་འཇང་དགུན་ཆོས་འཚོགས་བཞིན་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:03:30
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
༄༅།། ཕྱི་ཟླ་༡༠་པའི་ཚེས་༡༡་ནས་བཟུང་སྟེ་བོད་ནང་གི་རེབ་གོང་རོང་པོའི་དགོན་ཆེན་བདེ་ཆེན་འཁོར་གླིང་དུ་མདོ་སྨད་འཇང་དགུན་ཆོས་ཆེན་མོ་ཐེངས་༢༦་པ་དེ་འཚོགས་འགོ་ཚུགས་ཡོད་ཅིང་། ད་ལོའི་འཇང་དགུན་ཆོས་ལ་དགོན་ཁག་དང་དགེ་འདུན་པ་ཅི་ཙམ་ཕེབས་ཡོད་མེད་ཀྱི་གྲངས་འབོར་སོགས་ཕྱིར་སྒྲགས་བྱེད་མི་ཆོག་པར་དམ་དྲག་འོག་ཏུ་བཞག་འདུག
དེ་ཡང་བོད་ནང་གི་བོད་པ་མིང་བརྗོད་འདོད་མེད་མཁན་ཞིག་གིས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པར་བརྗོད་དོན་ལྟར་ན། ད་ལོ་མདོ་སྨད་འཇང་དགུན་ཆོས་ཆེན་མོར་འདུས་པའི་དགེ་འདུན་པའི་གྲངས་འབོར་དང་དགོན་ཁག་ཅི་ཙམ་ཡོད་མེད། ལྷག་པར་དུ་དགེ་འདུན་པ་དང་དད་ལྡན་མང་ཚོགས་རྣམས་མཉམ་དུ་འདུས་ཡོད་པའི་རྣམ་པ་སོགས་ཕྱིར་སྒྲགས་བྱེད་མི་ཉན་ཞིང་། གལ་ཏེ་ཁྱབ་བསྒྲགས་ཆེན་པོ་བྱེད་ན་རྒྱ་གཞུང་གིས་དམ་དྲག་ནན་པོ་བྱེད་པའམ། ཡང་ན་བཀག་འགོག་གི་གནས་ཚུལ་འབྱུང་ཉེན་ཆེན་པོ་འདུག དེར་བརྟེན་སེར་སྐྱ་མང་ཚོགས་ཀྱིས་ཁྱབ་བསྒྲགས་མི་བྱེད་པའི་རེ་བ་ཡོད། མི་སྒེར་སོ་སོའི་དྲྭ་ཚིགས་ཀྱི་རྒྱབ་ལྗོངས་སོགས་སུ་འདྲ་པར་དང་བརྙན་ཐུང་བླངས་ནས་འགོད་མི་ཉན། མི་ཚང་མས་དེ་ལྟར་བསྒྲུབ་དགོས་ཞེས་འབོད་སྐུལ་ཞུ་བཞིན་འདུག
ཐོག་མའི་འཆར་གཞི་ལྟར་ན་ཁྱོན་སྡོམ་ཉིན་བཅུའི་རིང་ལ་འཇང་དགུན་ཆོས་འཚོགས་རྒྱུ་ཡིན་པར་མ་ཟད། ལོ་ལྟར་གཙང་དགོན་པ་དང་རྭ་རྒྱ་དགོན། རེབ་གོང་རོང་པོའི་དགོན་ཆེན་བཅས་སུ་རེས་མོས་སུ་འཚོགས་བཞིན་ཡོད་པ་དང་ལོ་འདིར་རོང་པོའི་དགོན་ཆེན་དུ་འཚོགས་གཏན་ཁེལ་ཡོད་པ་རེད། ཕལ་ཆེར་ཚོད་རྩིས་བྱས་ན་༢༠༢༠་ལོའི་མདོ་སྨད་འཇང་དགུན་ཆོས་ཆེན་མོར་དགེ་འདུན་པ་ཞལ་གྲངས་༢༠༠༠་བརྒལ་བ་འཛོམས་ཐུབ་ཡོད་པ་དང་དད་ལྡན་སེར་སྐྱ་བསྟན་པའི་སྦྱིན་བདག་ཀྱང་མང་པོ་ཞིག་ཕེབས་འདུག གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། ལོ་འདིར་ཏོག་དབྱིབས་ནད་དུག་གིས་མི་མང་ཕོན་ཆེན་འདུ་འཛོམས་བྱེད་མི་ཆོག་ཅེས་རྒྱ་གཞུང་གིས་བསྒྲགས་འདུག་མོད། འོན་ཀྱང་སྦྱི་ཚོགས་དྲྭ་ལམ་ཁག་ཏུ་གནས་ཚུལ་མང་པོ་ཞིག་བཤད་མི་ཉན་པ་དང་བཤད་ན་ཉེན་ཁ་འདུག གང་ལྟར་སྒྲིག་ཁྲིམས་བཙན་པོ་རེད། དྲྭ་ལམ་དང་ཡུལ་དངོས་བཅས་ལ་དམ་དྲག་ཆེན་པོ་བྱེད་ཀྱི་འདུག་ཅེས་བརྗོད་འདུག
འདི་དང་དུས་མཚུངས་སུ་བོད་ནས་འབྲེལ་ཡོད་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གནས་ཚུལ་བཀོད་པ་ལྟར་ན། ཁ་སང་ནས་མདོ་སྨད་འཇང་དགུན་ཆེན་པོ་འཚོགས་བཞིན་པའི་རྣམ་པ་དང་དགེ་འདུན་པ་རྣམས་ཀྱིས་འཛིན་གྲྭ་ལྟར་རྟགས་གསལ་གཏོང་བཞིན་པ། དད་ལྡན་མི་མང་རྣམས་མཆོད་མཇལ་དུ་སླེབས་ཡོད་པ་སོགས་ཀྱི་བརྙན་ཐུང་དང་པར་རིས་རྣམས་འགྲེམ་སྤེལ་བྱས་ནས་ཕྱི་ལོགས་སུ་བལྟ་ཐུབ་ཀྱི་ཡོད་པ་སོགས་ཀྱི་གནས་ཚུལ་ཐོན་འདུག
འབྲེལ་ཡོད།
རྒྱལ་སྤྱིའི་བུ་མོའི་ཉིན་མོ་དང་བོད་པའི་བུ་མོའི་གནས་བབ།
རྒྱ་ནག་གིས་ཆོས་དད་རང་དབང་བརྡལ་བཤིག་གཏོང་བ་ཐེར་འདོན་བྱ་དགོས།
XS
SM
MD
LG