ངོ་འཕྲད་བདེ་བའི་དྲ་འབྲེལ།

སླར་ཡང་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེག་བཏང་སྟེ་འདས་གྲོངས་སུ་གྱུར་ཡོད་པ།


རྒྱ་ནག་གཞུང་གིས་རང་ཉིད་གི་རྩ་ཁྲིམས་དང་རྒྱབ་འགལ་བྱས་ཏེ་བོད་ནང་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་ལག་ལྟར་བྱེད་ཀྱི་ཡོད་པ་བོད་མི་ཚོས་ངོ་རྒོལ་བྱས་ཏེ་རང་ལུས་མེར་སྲེག་བཏང་དང་གཏོང་མུས་ཡིན་པ་དང་རེས་གཟའ་ལྷག་པའི་ཉིན་བོད་མདོ་སྨད་རྔ་པ་བོད་རིགས་རང་སྐྱོང་ཁུལ་མཛོད་དགེ་རྫོང་སྟག་ཚང་མོ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཟླ་བ། རང་ལོ་༢༠ ཡིན་པ། གྲྭ་དཀོན་མཆོག་འོད་ཟེར། རང་ལོ་༢༣ ཡིན་པ་ཁོང་གཉིས་ཀྱིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་འདུ་ཁང་འགྲམ་རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་ཆེད་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་འགྱུར་ཡོད་པའི་སྐོར་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་འབྲེལ་ཡོད་མི་སྣར་བཀའ་དྲི་གནང་བའི་གནས་ཚུལ་དེ་གསན་རོགས་གནང་།
XS
SM
MD
LG