ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མཇོ་མདའ་རྫོང་དུ་དགེ་འདུན་པ་གཉིས་ལ་ལོ་དགུ་ལྷག་བཙོན་འཇུག་གི་ཐག་བཅོད་བྱས་ཡོད་པ།


བོད་སྡེ་དགེ་མཇོ་མདའ་རྫོང་རྫི་དཀར་དགོན་པའི་དགེ་འདུན་པ་གཉིས་ལ་འདི་ལོའི་གསུམ་བཅུའི་དུས་དྲན་ཉིན་རྒྱ་ནག་གི་རླངས་འཁོར་མེར་བསྲེགས་བཏང་བའི་ཉེས་འཛུགས་ཕོག་སྟེ། ཉེ་ཆར་སྤྱི་ཟླ་བཅུ་པའི་ཚེས་༢༥་ཉིན་མཇོ་མདའ་རྫོང་མི་དམངས་ཁྲིམས་ཁང་ནས་ཁོང་གཉིས་ལ་ལོ་དགུ་དང་ཕྱེད་ཀ་དུས་བཀག་བཙོན་འཇུག་བྱ་རྒྱུའི་ཐག་བཅོད་བྱས་ཡོད་པའི་གནས་ཚུལ་ཐོན་འདུག

XS
SM
MD
LG