ངོ་འཕྲད་བདེ་བའི་དྲ་འབྲེལ།

འདི་ག་རླུང་འཕྲིན་ཁང་ལ་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། དེ་རིང་བོད་ཨ་མདོ་རྔ་པ་ཁུལ་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག དེ་ཡང་ས་གནས་བོད་མི་ཞིག་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་པའི་བོད་མི་ཞིག་ལ་ཁ་པར་རྒྱུད་འགྲེལ་བརྗོད་བྱེད་དོན་ལྟར་ན།

དེ་རིང་ཞོགས་པ་ཆུ་ཚོད་དགུ་བ་ཙམ་ལ་རྔ་བ་རྫོང་ཐོག་དང་ཐག་ཉེ་བའི་རྔ་བ་ཀིརྟི་དགོན་པའི་སྒོ་ཆེན་བཞི་ཡོད་པ་ལས། ཤར་ཕྱོགས་སྒོ་ཆེན་གྱི་ཉེ་འགྲམ་སྟེ། བོད་མི་ཚོས་དཔའ་བོའི་སྲང་ལམ་ཞེས་འབོད་པའི་ལམ་ཐོག་ལ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྐབས་རྒྱ་ནག་གི་ཉེན་རྟོག་པ་དང་དྲག་ཆས་དམག་མི་སླེབས་ཏེ་མེ་བསད་ནས་ཁོང་གཉིས་བཙན་ཁྲིད་བྱས་ཡོད་འདུག ད་ལྟ་བོད་མི་དེ་གཉིས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད། ཡང་གནས་ཚུལ་བྱུང་ཁུངས་ཁག་ཅིག་ནང་བོད་མི་དེ་གཉིས་རྒྱ་ནག་གིས་བཙན་ཁྲིད་བྱེད་པའི་སྐབས་དེར་མི་གཅིག་འདས་གྲོངས་སུ་སོང་ཡོད་པ་བརྗོད་བཞག བོད་མི་དེ་གཉིས་མི་སྐྱ་ཡིན་ཞིང་། གཅིག་ལོ་ན་ཅུང་རྒན་པ་ཡོད་པ་བརྗོད་འདུག གནས་ཚུལ་འདི་འབྱོར་ཕྲལ་འདི་ཀ་རླུང་འཕྲིན་ཁང་ནས་རྒྱ་གར་བཞུགས་སྒར་རྡ་རམ་ས་ལར་ཡོད་པའི་ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་སྐུ་ཞབས་བློ་བཟང་ཡེ་ཤེས་ལགས་སུ་གནས་ཚུལ་རྩད་གཅོད་ཞུ་སྐབས་སྤྱིར་བཏང་དེ་རིང་རྔ་བའི་ཕྱོགས་སུ་ཁ་པར་འགྲོ་རྒྱུ་ཧ་ཅང་ཁག་པོ་ཡོད་འདུག་ཀྱང་། ཁོང་གཉིས་ལ་ལག་སོན་བྱུང་བའི་གནས་ཚུལ་དང་འདི་ཀ་རླུང་འཕྲིན་ཁང་ལ་འབྱོར་བའི་གནས་ཚུལ་གཅིག་མཚུངས་ཡིན་པ་མ་ཟད། ཡང་ས་གནས་དང་མི་སྣ། དུས་ཚོད་སོགས་གཅིག་མཚུངས་རེད་འདུག
please wait

No media source currently available

0:00 0:01:28 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG