ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་དོན་གཅོད་ཁང་གི་མདུན་དུ་ངོ་རྒོལ།


གཟའ་ལྷག་པའི་ཉིན་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་བཅའ་སྡོད་རྒྱ་ནག་གི་དོན་གཅོད་ཁང་གི་མདུན་དུ་བོད་པ་ཚོས་ངོ་རྒོལ་སྐད་འབོད་བྱས་ཏེ། ཉེ་ཆར་བོད་ནང་ལ་ལུས་པོ་མེར་སྲེག་གཏོང་མཁན་རང་ལོ་༡༨་ལ་སོན་པའི་ཐང་སྐོར་སོག་ཚང་དགོན་པའི་གྲྭ་བ་དཀོན་མཆོག་བསོད་ནམས་ལགས་དང་། གཞན་ཡང་ད་བར་བོད་པ་༡༢༠་ཐམ་པས་བོད་དོན་ཆེད་དུ་རང་གི་གཅེས་སྲོག་བློས་གཏོང་བྱ་དགོས་ཐུག་པའི་རྒྱུ་རྐྱེན་དེ་ཉིད་རྒྱ་གཞུང་གིས་བོད་ལ་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲི་ཇུས་དེར་བརྟེན་ནས་བྱུང་ཡོད་ཅེས་གདུང་སེམས་མཉམ་སྐྱེད་དང་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་འདུག་པའི་སྐོར། ས་གནས་ནས་ང་ཚོའི་གསར་འགྱུར་མཁོ་གཏོང་བ་བསྟན་འཛིན་ཕན་ཐོགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG