རིམས་ནད་སྔོན་འགོག་ཐད་སྲིད་འཛིན་གྱི་དབུ་ཁྲིད་ནུས་པ།
ཨ་མི་རི་ཀའི་ནང་དུ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་ཤུགས་ཆེ་བ་དང་མི་འཆི་སྐྱོན་གྱི་གྲངས་འབོར་ཧ་ཅང་གི་མང་དུ་འགྲོ་བཞིན་ཡོད་པས་སྲིད་འཛིན་ཌོ་ནལ་ཊམ་ནས་ཛ་དྲག་གི་ནད་ཡམས་དེ་བཀག་འགོག་ཐུབ་རྒྱུར་ཕྱག་ལས་གང་འདྲ་ཞིག་གནང་ཐུབ་མིན་དེ་ནི་ད་ལོའི་ལོ་མཇུག་གི་སྲིད་འཛིན་འོས་འདེམས་ལས་འགུལ་གོང་མང་ཚོགས་ཀྱི་བསམ་ཚུལ་གལ་ཆེ་ཞིག་ཆགས་རྒྱུ་ཡིན་པའི་སྐོར། འདི་ག་རླུང་འཕྲིན་ཁང་གི་ཕོ་བྲང་དཀར་པོའི་གསར་འགོད་པ་ཕྷ་སི་ཝེ་ད་ཁོསི་ཝ་ར་ཡིས་གནས་ཚུལ་སྤེལ་བ་དེ་པ་སངས་དབྱངས་སྐྱིད་ནས་སྙན་སྒྲོན་ཞུ་ཡི་རེད།