ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་གྲོས་ཚོགས་གོང་མས་ཊམ་ལ་ཁྲིམས་བཤེར་འགོ་འཛུགས།


༄༅།། ཨ་རིའི་སྲིད་འཛིན་ཟུར་པ་ཌོ་ནལ་ཊམ་ལ་ཨ་རིའི་ལོ་རྒྱུས་སུ་བྱུང་མྱོང་མེད་པའི་ཉེས་འཛུགས་ཐེངས་གཉིས་བྱུང་ཞིང་། དེ་རིང་གཟའ་མིག་དམར་ནས་ཨ་རིའི་གྲོས་ཚོགས་གོང་མའི་ནང་དུ་གྲོས་ཚོགས་འོག་མའི་ཁྲིམས་སྦྱོར་བ་ཚོས་སྲིད་འཛིན་ཟུར་པ་དེ་ཁྲིམས་ལ་སྦྱོར་དགོས་ཞེས་ཞུ་གཏུག་བྱ་རྒྱུ། ཌོ་ནལ་ཊམ་གི་ཁྲིམས་རྩོད་པ་ཚོས་སྲིད་འཛིན་ཟུར་པ་དེར་ནག་ཉེས་མེད་ཅེས་དག་འབུད་ཀྱི་ཞུ་གཏུག་བྱ་རྒྱུ་འགོ་ཚུགས་ཀྱི་ཡོད་པ་རེད། ཕྱི་ཟླ་དང་པོའི་ཚེས་༦་ཉིན་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་སུ་ཇཱོ་བྷ་ཌན་ལ་༢༠༢༠་ལོའི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁབ་ཐོབ་པར་མཐའ་མའི་ངེས་གཏན་བྱེད་བཞིན་པའི་དུས་སུ་ཌོ་ནལ་ཊམ་གྱི་རྒྱབ་སྐྱོར་བ་ཚོས་གྲོས་ཚོགས་ཁང་ལ་དཔུང་རྒོལ་བྱས་མི་གསོད་ཁྲག་སྦྱོར་གྱི་གནས་ཚུལ་བྱུང་བར་མ་ཟད། ཨ་རིའི་གྲོས་ཚོགས་འོག་མས་ཌོ་ནལ་ཊམ་ལ་ངན་སྐུལ་གྱེན་ལོག་གི་ལན་ཁག་ཡོད་ཅེས་ནག་ཉེས་བཙུགས་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG