ངོ་འཕྲད་བདེ་བའི་དྲ་འབྲེལ།

ཊམ་གྱིས་ཉེན་རྟོག་པའི་གདུག་རྩུབ་མེད་པར་བཟོ་རྒྱུའི་བསམ་ཞིབ།


༄༅།། ཟླ་བ་སྔོན་མར་ཨ་མི་རི་ཀའི་མཱི་ནི་སོ་ཊའི་མངའ་སྡེའི་མཱི་ནི་ཡ་པོ་ལི་སི་གྲོང་ཁྱེར་དུ་མི་རིགས་དཀར་པོའི་ཉེན་རྟོག་པ་ཞིག་གིས་མི་རིགས་ནག་པོ་ཞིག་གི་སྐེ་ལ་པུས་མོ་བཙུགས་ནས་སྐྱེས་པ་དེ་ཉེན་རྟོག་པའི་རྩུབ་སྤྱོད་འོག་ཏུ་རྐྱེན་འདས་སུ་གྱུར་པའི་རྗེས་སུ་ཨ་མི་རི་ཀའི་གྲོང་ཁྱེར་ཆེ་ཁག་ཚུད་པའི་འཛམ་གླིང་གི་ས་ཁུལ་མང་པོར་མང་ཚོགས་རྣམས་ཧ་ཅང་ཁོང་ཁྲོ་ཆེན་པོས་ངོ་རྒོལ་རྔམ་སྟོན་བྱས་ཡོད་ཅིང་། ད་ལྟ་སྲིད་འཛིན་ཌོ་ནལ་ཊམ་དང་སློབ་སྟོན་པ་ཚོས་ཉེན་རྟོག་པའི་གདུག་རྩུབ་བཀོལ་མི་ཆོག་པ་བཟོ་ཐབས་སུ་སྲིད་འཛིན་གྱི་མཚན་ཐོག་ཏུ་བཀོད་ཁྱབ་ཅིག་གཏོང་བའམ། ཡང་ན་སྲིད་ཇུས་གཞན་ཞིག་ལག་བསྟར་བྱ་རྒྱུ་བཅས་ལ་བསམ་ཞིབ་གནང་གི་ཡོད་པའི་གནས་ཚུལ་ཞིག་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG