ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རིའི་ཉེན་རྟོག་པའི་སྒྲིག་གཞིར་ལེགས་བཅོས་གཏང་དགོས་པ།


༄༅།། ཨ་རིའི་མི་མང་གིས་ཉེན་རྟོག་པའི་སྒྲིག་གཞིར་ལེགས་བཅོས་གཏང་དགོས་ཞེས་གནོན་ཤུགས་མུ་མཐུད་དུ་སྤྲོད་བཞིན་ཡོད་ཅིང་། ཨ་རིའི་མཱི་ཎི་ཡ་པོ་ལི་སི་གྲོང་ཁྱེར་གྱི་ཉེན་རྟོག་པ་ཚོས་ཉེ་དུས་གདུག་རྩུབ་ཆེན་པོས་རྐྱེན་ལམ་དུ་བཏང་བའི་མི་རིགས་ནག་པོ་འཇོར་ཇཱི་ཧྥུ་ལོ་དབྱི་ཌིའི་ཕུང་སྒམ་དེ་ཉིད་ཁ་སང་ཟླ་བར་ཨ་མི་རི་ཀའི་ཧིའུ་སི་ཊོན་གྲོང་ཁྱེར་དུ་འབྱོར་བའི་སྐབས་སུ་མི་མང་སྟོང་ཕྲག་མང་པོས་མྱ་ངན་གུས་བཏུད་ཞུས། ཁོ་པའི་ཕུང་པོ་དེ་གནངས་ཉིན་གཟའ་ཕུར་བུའི་ཉིན་གྲོང་ཁྱེར་དེའི་དུར་ཁྲོད་ཅིག་ཏུ་སྐྱེས་མའི་ཕུང་པོ་སྦས་ཡོད་ས་དེའི་ཉེ་འཁྲིས་སུ་སྦས་འཇོག་བྱ་འཆར་ཡོད་པའི་གནས་ཚུལ་ཞིག་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG