ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཌོ་ནལ་ཊམ་གྱི་ལས་དུས་གཉིས་པའི་འཆར་གཞི་ཁག་གསལ་བསྒྲགས།


༄༅།། སྲིད་འཛིན་ཌོ་ནལ་ཊམ་གྱིས་ལས་དུས་གཉིས་པའི་སྲིད་ཇུས་ཁག་ཅིག་ཕྱིར་བསྒྲགས་བྱས་ནས་འཛམ་གླིང་ཡོངས་ལ་ཏོག་དབྱིབས་རིམས་ནད་ཁྱབ་པའི་འགན་འཁྲི་ནི་རྒྱ་ནག་ལ་ཡོད་ཅེས་ནག་ཉེས་བཙུགས་ཡོད་ཅིང་། ཁ་སང་རེས་གཟའ་ཉི་མའི་ཉིན་སྲིད་འཛིན་ཊམ་གྱིས་གསལ་བསྒྲགས་སྤེལ་བའི་ལས་དུས་གཉིས་པའི་སྲིད་འཛིན་གྱི་ རྩ་འཛིན་ཆེན་པོ་བཅུའི་ནང་དུ་དཔལ་འབྱོར་དང་སློབ་གསོ། ཕྱི་འབྲེལ་སྲིད་ཇུས་དང་རྒྱལ་སྲུང་བཅས་ཚུད་ཡོད་པར་མ་ཟད། མ་འོངས་པའི་ཟླ་བ་བཅུ་པ་ཡས་མས་སུ་ལས་ཀ་་གསར་པའི་གོ་སྐབས་ས་ཡ་གཅིག་བསྐྲུན་རྒྱུ་ཡིན་ཞེས་བཀོད་ཡོད་པའི་སྐོར། འདི་ག་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་སྤེལ་བའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG