ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ན་ཨ་རིས་ཅི་ཞིག་བྱ་རྒྱུ་ཡིན་མིན།


༄༅།། ཨ་མི་རི་ཀའི་ཧྥོཀ་སི་གསར་འགྱུར་ལས་ཁང་གིས་སྲིད་འཛིན་ཊམ་ལ་ཐེ་ཝན་གྱི་གནད་དང་ཨ་རྒྱའི་འབྲེལ་བ་སོགས་ལ་བཅར་འདྲི་ཞུས་ཡོད་ཅིང་། སྲིད་འཛིན་ཊམ་གྱིས་རྒྱ་ནག་གིས་ཐེ་ཝན་ལ་བཙན་འཛུལ་བྱེད་ན་ཨ་མི་རི་ཀས་ཅི་ཞིག་བྱ་རྒྱུ་ཡིན་མིན་ནི་རྒྱ་ནག་གིས་གསལ་པོར་ཤེས་རྟོགས་ཐུབ་ཡོད་ངེས་རེད། འདས་པའི་ལོ་གསུམ་དང་ཕྱེད་ཀ་ལྷག་གི་རིང་ལ་ངའི་སྲིད་གཞུང་གིས་རྒྱ་ནག་གི་ཐོག་ཏུ་ལངས་ཕྱོགས་མཁྲེགས་པོ་བཟུང་ཡོད་པས་རྒྱ་ནག་གིས་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་ལ་ལོ་འདིའི་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུའི་རེ་བ་འཆང་ཡོད་པ་རེད་ཅེས་གསུངས་པའི་སྐོར། གསར་ འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG