ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༣/༠༤/༠༡

རྒྱ་ནག་ནང་དུག་ལྡན་གཏེར་ཆུ་གཙང་པོར་འདྲེས་པ།


རྒྱ་ནག་ནང་དུ་གཏེར་འདོན་བཟོ་གྲཱ་རྣམས་ཀྱིས་བདེ་འཇགས་སྲུང་སྐྱོབ་ལ་དེ་ཙམ་དོ་སྣང་མ་བྱས་པའི་རྐྱེན་གྱིས་ཉེ་འཁོར་གྱི་ཁོར་ཡུག་དང་ཡུལ་མི་ལ་གནོད་སྐྱོན་གང་མང་འཕྲད་ཀྱི་ཡོད་པ་ལྟར། དེ་རིང་སླར་ཡང་རྒྱ་ནག་ཧཕུའུ་ཅན་ཞིང་ཆེན་གྱི་ཐེན་གཙང་པོའི་ནང་དུ་ཁུལ་དེ་གའི་གསེར་གྱི་ཐོན་ཁུངས་བཟོ་གྲཱ་ཞིག་ནས་དུག་ལྡན་ཆུ་རྙོག་ཤོར་ཡོད་འདུག་པ་དང། ཁུལ་དེའི་ཡུལ་མིའི་འཚོ་སྡོད་དང་འབྲེལ་བ་ཆགས་ཡོད་པའི་གཙང་པོ་དེ་ཧཕུའུ་ཅན་ཞིང་ཆེན་ནས་ཀཱང་ཏོན་ཞིང་ཆེན་ནང་བཞུར་གྱིན་ཡོད་འདུག་པས། ཐེན་གཙང་པོའི་བཞུར་ལམ་གྱི་ས་ཁུལ་ཁག་གི་ཉ་ལས་ཐོན་ཁུངས་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་འདུག

XS
SM
MD
LG