ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིས་ཆེན་ཕེན་ལྷ་སའི་ཉིང་ཁྲི་ཁུལ་དུ་བསྐྱོད་པ།


རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞིས་ཅིས་ཕེན་ད་ལྟའི་ཆར་བོད་ནང་གི་ལྷ་སའི་མངའ་ཁོངས་ཀྱི་ས་ཁུལ་ཁག་ལ་ལྟ་སྐོར་ལ་འགྲོ་གིན་ཡོད་པ་དང་། ལྟ་སྐོར་འདི་ནི་ཨ་མེ་རི་ཀའི་སྲིད་འཛིན་ཨོ་བྷ་མ་དང་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གཉིས་མཇལ་འཕྲད་གནང་བའི་རྗེས་ཀྱི་དུས་ཚོད་ཏག་ཏག་ལ་འཁེལ་ཡོད་པ་རེད། ཡང་ཐེངས་འདིར་ཞིས་ཅིས་ཕེན་གྱི་ལྟ་སྐོར་ལ་བསྐྱོད་ཡུལ་རྒྱ་གར་དང་ས་མཚམས་འཁེལ་ཡོད་པའི་ཨ་རུའུ་ནཱ་ཅལ་མངའ་སྡེ་དང་ཐག་ཉེ་བའི་ལྷ་སའི་ཉིང་ཁྲི་ཕྱོགས་སུ་ཡིན་པ་སོགས་ཀྱི་སྐོར་ཚེ་རིང་སྐྱིད་ཀྱིས་རྒྱལ་སྤྱིའི་གསར་ལམ་ཁག་ནས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG