ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་གློག་བརྙན་ལ་ཞིབ་བཤེར།


རྒྱ་ནག་གི་གློག་བརྙན་བཟོ་བཀོད་པ་གྲགས་ཅན་ཞིས་ཧྥེ་ཡིས་འཁྲབ་ཁྲིད་བྱས་པའི་གློག་བརྙན་ཁག་ལ་གཞུང་གིས་ཞིབ་བཤེར་དང་བསྐྱར་ཞིབ་བྱེད་ཀྱིན་ཡོད་པ་ནི་དུས་སྐབས་ལ་མི་འཚམ་ཞིང་། དྲང་བདེན་དང་དངོས་ཡོད་གནས་ཚུལ་གང་ལ་ཡང་མི་མཐུན་པ་མ་ཟད། རྒྱ་ནག་གི་ཞིབ་བཤེར་ལམ་ལུགས་དེ་ཁྲིམས་ཀྱིས་དབང་སྒྱུར་ཞིག་མིན་པར་མི་འགའ་ཤས་ཀྱིས་དབང་སྒྱུར་བྱས་ཏེ་སྐོག་ཟ་རུལ་སུང་ལག་ལྟར་བྱེད་མཁན་ཞིག་རེད་ཅེས་སྐྱོན་བརྗོད་དང་སྦྲགས། ད་ཆ་ལམ་ལུགས་དེར་འགྱུར་བ་བཏང་སྟེ་གློག་བརྙན་ཡག་ཉེས་ལ་ཨང་རྟགས་སྤྲོད་པར་ཕྱི་རྒྱལ་གྱི་ལམ་ལུགས་དེ་འདྲ་ཞིག་གསར་གཏོད་བྱས་ན་དགེ་མཚན་ཆེ་ཞེས་བསམ་ཚུལ་བཏོན་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG