༄༅།། ཨོ་གླིང་གི་ཞི་བདེ་རྒྱ་མཚོའི་ལས་དོན་གྱི་བློན་ཆེན་ཕྱི་ཟླ་༤་པའི་ཚོས་༡༢་ཏེ། རེས་གཟའ་མིག་དམར་ཉིན་སོ་ལོ་མོན་མཚོ་གླིང་རྒྱལ་ཁབ་ལ་འཚམས་འདྲིར་ཕེབས་ཏེ་རྒྱ་ནག་དང་བདེ་འཇགས་མཉམ་འབྲེལ་གྱི་གྲོས་མཐུན་མ་བཞག་ན་ལེགས། གྲོས་མཐུན་དེར་མིང་རྟགས་བཀོད་ན་མ་འོངས་པར་རྒྱ་ནག་གི་དམག་དཔུང་ཞི་བདེའི་རྒྱ་མཚོའི་ནང་དུ་ཁྱབ་སྲིད་པའི་ཉེན་ཁ་འདུག ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་གྲོས་མཐུན་དེར་བློ་ཚབས་གནང་གི་འདུག་ཅེས་ནན་བརྗོད་བྱས་འདུག་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ལ་ཐོན་པའི་གནས་ཚུལ་དེ་བདེ་ཆེན་རྒྱ་མཚོས་སྙན་སྒྲོན་ཞུ་ཡི།།