རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་རྒྱ་གར་ལ་འཚམས་གཟིགས་སུ་ཕེབས་པའི་གནང་ཏེ་ཉིན་གཉིས་པའི་སྐབས་དེར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་རྒྱུའི་ཆེད་དུ་སྐད་འབོད་ཀྱི་ལས་འགུལ་སྤེལ་མཁན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་བོད་རང་བཙན་ཆེད་ཀྱི་སློབ་ཕྲུག་ཚོགས་པའི་ཚོགས་མི་ཁྱོན་ལྔ་བཅུ་ལྷག་ཙམ་འཛིན་བཟུང་བྱས་ཡོད་པ་དང་ དབུས་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་འཇིག་མེད་ལགས་ཀྱིས་རྒྱ་གར་གྱི་ཉེན་རྟོག་པས་འཛིན་བཟུང་བྱས་པའི་གཞོན་ནུ་ཚོ་བཀག་ཉར་བྱ་ཡུལ་དུ་དཀའ་ངལ་འཕྲད་པ་སོགས་བྱུང་མེད་པ་དང་སྲིད་འཛིན་ཞི་ཅིང་ཕིང་གི་གཟིགས་སྐོར་མཇུག་བསྒྲིལ་བའི་རྗེས་གློད་བཀྲོལ་ཡོང་རྒྱུ་དང་ དེ་བཞིན་ལྡི་ལིའི་ནང་གི་བོད་མི་ཚོས་ལས་འགུལ་ཁག་རྒྱ་གར་གཞུང་གི་ཁྲིམས་དང་མི་འགལ་བའི་ཐོག་ནས་སྤེལ་གྱི་ཡོད་པ་སོགས་ཀྱི་སྐོར་འདི་གའི་གསར་འགྱུར་མཁོ་གཏོང་བ་ཚེ་རིང་དབང་རྒྱལ་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།