ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་ལ་ཨོ་ལིམ་ཕིག་རྩེད་འགྲན་འཚོགས་རྒྱུ་དེར་བོད་པ་ཚོས་ངོ་རྒོལ། 


༄༅།། རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ཚོགས་ཆུང་དང་རྒྱ་ནག་གཞུང་གིས་༢༠༢༢་ལོའི་རྒྱལ་སྤྱིའི་དགུན་དུས་ཀྱི་ཨོ་ལིམ་ཕིག་རྩེད་རིགས་འགྲན་སྡུར་རྒྱ་ནག་ལ་འཚོགས་རྒྱུ་དེར་ལོ་གཅིག་ལས་མེད་པའི་དུས་ཚིགས་སྲུང་བརྩི་ཞུས་ཡོད་ཅིང་། ཡུ་རོབ་བོད་ཀྱི་གཞོན་ནུའི་མཐུན་ཚོགས་ཀྱི་བོད་དོན་ལས་འགུལ་བ་ཚོས་རེས་གཟའ་ལྷག་པའི་ཉིན་སུད་ཛར་ལཱན་ཌིའི་གྲོང་ཁྱེར་ལུ་ཛན་དུ་རྒྱལ་སྤྱིའི་ཨོ་ལིམ་ཕིག་རྩེད་འགྲན་ཚོགས་ཆུང་གི་ལས་ཁུངས་ཨ་མའི་མདུན་དུ་འཁྲབ་སྟོན་བརྒྱུད་ནས་ངོ་རྒོལ་གྱི་ལས་འགུལ་ཞིག་སྤེལ་ཡོད་པའི་སྐོར། ནམ་མཁའ་བསྟན་འཛིན་ལགས་ཀྱིས་འབྲེལ་ཡོད་མི་སྣ་ཞིག་ལ་བཅར་འདྲི་ཞུས་པའི་གནས་ཚུལ་དེ་གསན་རོགས་གནང་།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG