ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་སྤེན་པ། ༢༠༢༦/༠༢/༠༧
བོད།
རྒྱ་མི་ཉ་པ་ཚོས་བོད་པའི་ཆོས་ལུགས་དད་མོས་ལ་རྡོག་བརྫིས།
༠༢།༠༢།༢༠༢༡
རྒྱ་མི་ཉ་པ་ཚོས་བོད་པའི་ཆོས་ལུགས་དད་མོས་ལ་རྡོག་བརྫིས།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། དེང་སྐབས་རྒྱ་ནག་གཞུང་གིས་དབྱེ་བགོ་བྱེད་ཡོད་པའི་མཚོ་སྔོན་ཞིང་ཆེན་གྱི་ཁོངས་སུ་ཆགས་པའི་མཚོ་ཁྲི་ཤོར་རྒྱལ་མོའམ། ཡོངས་གྲགས་སུ་མཚོ་སྔོན་པོ་ཞེས་པ་དེའི་ནང་དུ་ལོ་ལྟར་རྒྱ་མི་ཉ་པ་ཡོང་རྒྱུ་ཇེ་མང་དུ་འགྲོ་བཞིན་ཡོད་ཀྱང་ས་གནས་དེའི་ཉེན་རྟོག་པ་ཚོས་བཀག་འགོག་ཡག་པོ་ཞིག་མི་བྱེད་པར་བོད་པ་ཚོའི་ཆོས་ལུགས་དད་མོས་དང་སྲོལ་རྒྱུན་གྱི་ཡུལ་སྲོལ་ཁག་ལ་བརྩི་མེད་རྡོག་བརྫིས་གཏོང་གི་ཡོད་པའི་གནས་ཚུལ་ཐོན་འདུག དེ་ཡང་བོད་ནང་གི་འབྲེལ་ཡོད་མི་སྣ་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། རྒྱ་ནག་གཞུང་གིས་མཚོ་སྔོན་པོ་ནི་ཡུལ་སྐོར་ལྗོངས་རྒྱུའི་སྲུང་སྐྱོབ་ས་ཁུལ་གྲས་སུ་བརྩིས་ནས་རྒྱལ་ཁབ་ཀྱི་མཚོ་སྲུང་ཉེན་རྟོག་པ་བཀོད་སྒྲིག་བྱས་ཡོད་པ་རེད། འོན་ཀྱང་ལོ་རེ་བཞིན་དུ་རྒྱ་མི་ཉ་པ་ཇེ་མང་དུ་སོང་སྟེ་དབྱར་དགུན་གཉིས་ཀར་རྒྱ་མི་ཚོས་མངོན་ལྐོག་གཉིས་སུ་གསེར་ཉ་འཛིན་རྒྱུ་མཚམས་འཇོག་བྱེད་ཀྱི་མེད་པ་རེད།།
ད་ལྟ་དགུན་ཁའི་དུས་སུ་གནམ་གཤིས་གྲངས་ངར་ཧ་ཅང་ཆེ་བའི་སྐབས་ཡིན་རུང་ཉ་པ་ཚོས་འཁྱག་པའི་འོག་ཏུ་ཉ་རྒྱ་མང་པོ་བཀྲམ་ནས་ཉ་འཛིན་གྱི་་ཡོད་ཅིང་། ང་ཚོ་མཚོ་མཐའི་མང་ཚོགས་ཀྱིས་བླ་མཚོ་འདི་སྲུང་སྐྱོབ་ཆེད་དུ་དང་བླངས་ཀྱིས་ཉ་པ་རྣམས་བཀག་འགོག་དང་ཉིན་མཚན་གཉིས་སུ་སྲུང་སྐྱོབ་བྱེད་གི་ཡོད། ང་ཚོས་གྲང་ངད་ཁྲོད་དུ་མཚོ་ནང་ནས་ཉ་རྒྱ་ཕྱི་རུ་བཏོན་ཏེ་དཀའ་ལས་ཧ་ཅང་ཆེན་པོ་མྱང་གི་འདུག ཉ་སྲུང་ཉེན་རྟོག་པ་ཚོས་རྒྱ་མི་ཉ་པ་རྣམས་བཀག་འགོག་ཡག་པོ་ཞིག་མི་བྱེད་པའི་སྟེང་དུ་མང་ཚོགས་དང་བླངས་པ་ཚོ་བཀག་འགོག་བྱས་ནས་གསེར་ཉ་སྲུང་སྐྱོབ་བྱེད་དུ་འཇུག་གི་མི་འདུག དེར་བརྟེན་མང་ཚོགས་དང་ཉེན་རྟོག་པ་ཚོ་རྩོད་པ་མང་པོ་འབྱུང་གི་འདུག་ཅེས་བཤད་འདུག
གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། ས་གནས་དེའི་བོད་པ་ཚོས་མཚོ་ཁྲི་ཤོར་རྒྱལ་མོར་བླ་མཚོ་དང་མཚོ་སྙིང་མ་ཧ་དེ་ལྦ་ཞེས་འབད་སྲོལ་ཡོད། ལོ་ལྟར་བོད་པ་དད་ལྡན་མང་ཚོགས་གནས་སྐོར་དང་ཕྱག་མཆོད་བྱེད་མཁན་ཧ་ཅང་མང་པོ་ཞིག་ཡོང་གི་འདུག ད་ལྟ་རྒྱ་མི་ཉ་པ་ཚོས་གསེར་ཉ་ཁྲི་ཚོ་མང་པོ་བཟུང་ནས་ཁྲག་གི་འཁོར་ལོ་བསྐོར་ན་གནས་མཆོག་ཁྱད་པར་ཅན་འདི་ཇི་ལྟ་བུ་ཞིག་ཏུ་འགྱུར་རྒྱུ་རེད། དེ་ལ་རྒྱ་གཞུང་ཉེན་རྟོག་མི་སྣ་ཚོས་ཁ་ཡ་མི་བྱེད་པ་ནི་ང་ཚོ་བོད་པ་མང་ཚོགས་ཀྱི་ཆོས་ལུགས་དད་མོས་ལ་རྡོག་རོལ་དང་བརྩི་བཀུར་མ་བྱས་པ། ཕྱག་སྐོར་དང་གནས་མཇལ་གྱི་དད་པར་དོ་ཕོག་བཏང་བ་ཞིག་མིན་ནམ། ང་ཚོ་མང་ཚོགས་དང་བླངས་པ་ཚོས་གསེར་ཉ་སྲུང་སྐྱོབ་བྱས་ནས་ལོ་སར་གྱི་ཚེས་བ་བཅོ་ལྔ་བར་དུ་ཉིན་མཚན་གཉིས་ལ་མཚོ་མཐའི་ས་གནས་སོ་སོར་གསེར་ཉ་སྲུང་སྐྱོབ་བྱ་རྒྱུའི་མ་གྲོས་བསམ་པ་གཅིག་མཐུན་གྱིས་ཐག་གཅོད་བྱས་ཡོད། ཉིན་འདི་གར་སྲུང་སྐྱོབ་བྱེད་བཞིན་པའི་སྒང་ཡིན་ཞེས་བཤད་ཡོད་པ་སོགས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
རྒྱ་མི་ཉ་པ་ཚོས་བོད་པའི་ཆོས་ལུགས་དད་མོས་ལ་རྡོག་བརྫིས།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:01
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
དྲ་སྣང་གི་བོད། ༢༠༡༧ཟླ་ ༣ ཚེས་༡༧
XS
SM
MD
LG