བཞུགས་སྒར་རྡ་རམ་ས་ལར་དེ་རིང་ཚེས་གཉིས་ཉིན་མོ་བོད་མི་དང་ཧེ་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་དང་སློབ་ཕྲུག་གཙོ་བོར་འགྱུར་བའི་མི་མང་སྟོང་འཚོ་ཁ་ཤས་ཀྱིས་དཔལ་རྒྱལ་བ་ཀརྨ་པ་མཆོག་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེས་མཚོན་པའི་ལས་འགུལ་རྒྱ་ཆེ་ཞིག་གནང་ཡོད་པའི་སྐོར་འདི་གའི་གསར་འགྱུར་མཁོ་གཏོང་བ་ཚེ་རིང་མིག་དམར་ལགས་ཀྱིས་གནས་ཚུལ་བཏང་བ་ཞིག་གསན་རོགས་གནང་།