ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨ་མདོ་རྔ་བ་ཀི་རྟི་དགོན་པའི་གནད་དོན་ཐད་རྒྱ་ནག་གཞུང་ཚབ་མདུན་ངོ་རྒོལ་སྐད་འབོད།


བོད་མདོ་སྨད་རྔ་བ་ཀི་རྟི་དགོན་པའི་དགེ་འདུན་པ་རྣམས་ལ་རྒྱ་ནག་དབང་འཛིན་པས་ཚབས་ཆེའི་དྲག་གནོན་དང་ དམ་བསྒྲགས་བྱེད་རིགས་འཕྲལ་མ་ཉིད་དུ་མཚམས་འཇོག་དགོས་ལུགས་བོད་མི་ཁག་གཅིག་གིས་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནས་འདི་ག་རྒྱལ་ས་ཝ་ཤིང་ཀྲོན་བར་གོམ་བགྲོད་ཀྱི་ལས་འགུལ་བྱས་ཏེ་རེ་གཟའ་ཉི་མའི་ཉིན་འདི་གར་བྱོར་ཏེ་རྒྱ་ནག་གཞུང་ཚབ་མདུན་བོད་ནང་དྲག་གནོན་མཚམས་འཇོག་དགོས་པའི་སྐད་འབོད་ལས་འགུལ་བྱས་པ་དང་ གྲོང་ཁྱེར་ནིའུ་ཡོག་ནས་སྤྱི་སྤྱོད་རླངས་འཁོར་ནང་ད་རིང་སྔ་་དྲོ་འབྱོར་བའི་བོད་མི་དང་མཉམ་དུ་ རྒྱལ་སའི་མངའ་ཁུལ་གྱི་བོད་མི་མཉམ་ཞུགས་བྱས་ཡོད་པ་སོགས་ལས་འགུལ་གོ་སྒྲིགགནང་མཁན་གཉིས་ལ་ནམ་མཁའ་བསྟན་འཛིན་གྱིས་གནས་འདྲི་ཞུས་པ་ཞིག་གསན་རོགས་གནང།

XS
SM
MD
LG