ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཁམས་འབྲི་རུ་རྫོང་ནགས་ལྷ་ཛམ་བྷ་ལར་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ།


ཟླ་བ་༥ཚེས་༢༤ཉིན་རྒྱ་ནག་གཞུང་གིས་ཁམས་འབྲི་རུ་རྫོང་དུ་ཡོད་པའི་གནས་རི་གྲགས་ཅན་ནགས་ལྷ་ཛམ་བྷར་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་བརྩམས་པར་བརྟེན་ས་གནས་ཀྱི་མི་གྲངས་༤༥༠༠་ལྷག་གིས་ངོ་རྒོལ་ཤུགས་བྱས་པའི་རྗེས་སུ། རྫོང་སྲིད་གཞུང་གིས་མི་དམངས་ཀྱི་བསམ་ཚུལ་ལ་མོས་མཐུན་བྱས་ཁུལ་གསལ་བསྒྲགས་ཞིག་སྤེལ་ཡོད། ད་ལྟའི་དུས་ཚོད་ལ་ས་གནས་མི་མང་གིས་ལོ་འཁོར་གྱི་དཔལ་འབྱོར་ཡོངས་ཁུངས་གཙོ་བོ་གཡར་རྩ་དགུན་འབུ་བསྐོ་བའི་དུས་ཡིན་ཀྱང་ལས་ཀ་བསྐྱུར་ནས་ངོ་རྒོལ་བྱས་ཡོད་པའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་བསོད་ནམས་གཡང་འཛོམས་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG