རྒྱ་ནག་གཞུང་གི་བཙོན་འཇུག་མནར་གཅོད་འོག་ཟླ་་བ་འདིའི་ཕྱི་ཚེས་ ༢༥ ཉིན་འདས་གྲོངས་སུ་སོང་བའི་རྒྱལ་གཅེས་པ་བུ་ལུག་ལགས་རྐྱེན་འདས་སུ་སོང་བ་དེར། གདུང་སེམས་མཉམ་སྐྱེས་ཀྱིས་རྒྱ་གར་བྱང་ཕྱོགས་བཞུགས་སྒར་རྡ་རམ་ས་ལར་སེར་སྐྱ་མང་ཚོགས་ཀྱིས་མཆོད་འབུལ་སྨོན་ལམ་དང་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པའི་སྐོར་ལ་ས་གནས་ནས་འདི་ཀ་རླུང་འཕྲིན་ཁང་གི་གནས་ཚུལ་མཁོ་གཏོང་བ་ཚེ་རིང་མིག་དམར་ལགས་ཀྱིས་བཏང་ཡོང་བ་ཞིག་ལ་གསན་རོགས་གནང་།