ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

འཇམ་དཔལ་ཡེ་ཤེས་ཆེད་བསྔོ་སྨོན་ཚོགས་འཛོམས་བྱས་པ།


རང་ལུས་མེར་སྲེག་གཐོང་་མཁན་འཇམ་དཔལ་ཡེ་ཤེས་ལགས་གྲོངས་ནས་ཞག་བཞི་བཅུ་ཞེ་དགུ་སོང་སྟབས་རྒྱ་གར་རྡ་རམ་ས་ལ་དང་ལྡི་ལི་ཁུལ་དུ་བདུན་ཚིགས་མཐའ་མ་སྲུང་ཡོད་པ་རེད། རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་ཀིརྟི་རིན་པོ་མཆོག་དབུ་བཞུགས་ཀྱི་སྨོན་ལམ་གསུང་འདོན་ཡོད་པ་དང། རྡ་རམ་ས་ལའི་ལྷ་རྒྱལ་རིར་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་འདྲ་སྐུ་ཡོད་སའི་འཁྲིས་སུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་འདས་པོ་ཁོང་གི་དྲན་རྟེན་འདྲ་སྐུ་གསར་བསྐྲུནབྱ་རྒྱུ་ཡིན་ཞིང། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནི་འདས་པོ་ཁོང་གི་མཐའ་མའི་སྡོད་གནས་ཡིན་པས་ས་གནས་ཀྱི་ཚོགས་པ་ཁག་གིས་ཁོང་གི་ཆེད་དུ་བསྔོ་སྨོན་རྒྱ་ཆེ་བྱས་པའི་སྐོར་ལྡི་ལི་ནས་ཚེ་རིང་དབང་རྒྱལ་ལགས་ཀྱིས་བཏང་པའི་གནས་ཚུལ་གསན་རོགས་གནང།

XS
SM
MD
LG