ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

བོད་པ་ཚོས་རྒྱ་གར་གཞུང་ལ་ཧིན་སྒོར་བྱེ་བ་གཉིས་ལྷག་ཞལ་འདེབས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅།། རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་ལྔ་དང་དགོན་སྡེ་ཁག་གིས་རྒྱ་གར་ལ་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གི་དཀའ་ངལ་འཕྲད་ཡོད་པ་སེལ་ཆེད་རྒྱ་གར་དབུས་གཞུང་དང་ཀར་ན་ཀྲ་ཀ་མངའ་སྡེ་གཞུང་། ས་གནས་སོ་སོའི་རྒྱ་གར་ཡུལ་མི་ཉམ་ཐག་རྣམས་ལ་བཟའ་ཆས་རོགས་རམ་སོགས་ཁྱོན་བསྡོམས་ཧིན་སྒོར་༢༠༣༦༥༢༢༨་ཞལ་འདེབས་ཕུལ་འདུག

དེ་རིང་བྷེང་ལོར་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་གྱིས་སྣེ་ཁྲིད་འོག་ལྷོ་ཕྱོགས་གཞིས་ཆགས་ཁག་གི་ས་གནས་འགོ་འཛིན་རྣམས་དང་དགོན་སྡེ་ཁག་གི་ལས་སྣེ་སྐུ་ཚབ་བཅས་བྷེང་ལོར་གྲོང་ཁྱེར་དུ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་ལ་དངོས་མཇལ་གྱིས་ད་ལྟའི་བར་དུ་ཞལ་འདེབས་བསྡུས་པའི་ལས་བསྡོམས་སྙན་ཐོ་དང་བཅས་པ་ཕུལ་ཡོད་པར་མ་ཟད། དེ་རིང་དངོས་སུ་སེར་བྱེས་གྲྭ་ཚང་གིས་ཧིན་སྒོར་༦༠༠༠༠༠༠་ལྷག་ཕུལ་འདུག་པ་དེའི་ཁོངས་སུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་གིས་ཧིན་སྒོར་༣༠༠༠༠༠་ཞལ་འདེབས་གནང་ཡོད་པ་སོགས་ལྷོ་སྤྱི་ཆོས་འཕེལ་ཐུབ་བསྟན་ལགས་ཀྱིས་ངོ་སྤྲོད་གནང་སོང་།།

ཁོང་ལ་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་ལ་ཏོག་དབྱིབས་ནད་དུག་གི་དཀའ་ངལ་འཕྲད་ན་དེའི་ཆེད་དུ་ཛ་དྲག་གི་མ་དངུལ་ཟུར་འཇོག་བྱས་ཡོད་མེད་བཅར་འདྲི་ཞུས། ཁོང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལྷན་ཁང་གིས་ས་གནས་སོ་སོའི་འཕྲོད་བསྟེན་སྨན་ཁང་ལ་མ་དངུལ་སྤྲད་ཡོད་ཅེས་ལན་འདེབས་བྱུང་ཞིང་། ཡང་ཁོང་ལ་བོད་པ་སུ་འདྲ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ན་མི་དེར་ཛ་དྲག་གི་སྨན་བཅོས་གྲ་སྒྲིག་སོགས་ཡོད་མེད་དྲིས་པར་དེ་ནི་ས་གནས་སོ་སོའི་རྒྱ་གར་གཞུང་གི་སྨན་ཁང་ལ་སྐྱེལ་དགོས་ཀྱི་ཡོད་པ་རེད་ཅེས་ལན་འདེབས་བྱས་སོང་།

ཀོ་ལི་གྷལ་དོན་ལྡན་གླིང་གཞིས་ཆགས་སུ་ཛ་དྲག་མ་དངུལ་དང་སྨན་བཅོས་ཀྱི་གྲ་སྒྲིག་ཅི་ཡོད་སོགས་ལ་གཞིས་འགོ་དགེ་ལེགས་འབྱུང་གནས་ལགས་སུ་བཅར་འདྲི་དང་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་ཛ་དྲག་གི་གྲ་སྒྲིག་ཅི་ཡོད་སོགས་ལ་གཞིས་འགོ་ལྷག་པ་ཚེ་རིང་ལགས་སུ་བཅར་འདྲི་ཞུས་ཡོད། ཧུན་སུར་གཞིས་ཆགས་སུ་དེའི་ཐད་དུ་གྲ་སྒྲིག་ཅི་ཡོད་སོགས་ལ་གཞིས་འགོ་ཐུབ་བསྟན་དང་སྦེལ་ཀོབ་གཞིས་ཆགས་སུ་གྲ་སྒྲིག་ཅི་ཡོད་བཅས་ལ་གཞིས་འགོ་ཐུབ་བསྟན་ཚེ་རིང་བཅས་ལ་བཅར་འདྲི་ཞུས་ཡོད།

སྤྱིར་ད་ལྟའི་ཆར་རྒྱ་གར་ལྷོ་ཕྱོགས་སུ་ཆགས་པའི་བོད་པ་བཙན་བྱོལ་བའི་གཞིས་ཆགས་ཁག་ཏུ་ཏོག་དབྱིབས་ནད་དུག་འགོས་པའམ། ཡང་ན་ནད་རྟགས་ཐོན་པའི་བོད་པ་གཅིག་ཀྱང་བྱུང་མེད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

XS
SM
MD
LG