ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

རྒྱ་གར་ནང་བོད་མི་ཚོས་ཐབས་ལམ་འདྲ་མིན་གྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གློད་གྲོལ་ཡོང་བའི་ལས་འགུལ་སྤེལ་བ།


༄༅། །སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༸ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་མེད་དུ་ངོས་འཛིན་གནང་བའི་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་ཡབ་ཡུབ་སྐུ་འཁོར་དང་བཅས་པ་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་མི་ལོ་ངོ་༢༥ འཁོར་བའི་དུས་ཚིགས་ཉིན་བྱེས་ཀྱི་གདན་ས་བཀྲིས་ལྷུན་པོ་དང་རྒྱ་གར་ལྷོ་ཕྱོགས་བོད་མིའི་གཞིིས་ཆགས་ཁག་གི་ས་གནས་བོད་ཀྱི་གཞོན་ནུ་དང་བེུད་ལྷན་ཚོགས་བཅས་ཀྱིས་རྒྱ་ནག་ནས་ཁྱབ་པའི་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་མི་མང་འདུ་འཛོམས་བྱེད་ཆོག་གི་མེད་ནའང་། ཁུངས་སོ་སོར་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གློད་གྲོལ་ཡོང་ཐབས་ལ་ཐབས་ལམ་སྣ་ཚོགས་ཀྱི་ལས་འགུལ་སྤེལ་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེར་གསན་རོགས་གནང་།


XS
SM
MD
LG