ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཨ་རིའི་སྤྱི་འཐུས་གཉིས་དང་བཙན་བྱོལ་བོད་གཞུང་།


རིང་མིན་བྱང་ཨ་རིར་གནས་སྡོད་བོད་པ་ཚོས་རང་གི་ཐོབ་ཁོངས་སྤྱི་འཐུས་གཉིས་འོས་འདེམས་བྱེད་དགོས་ཀྱི་ཡོད་པ་དང་། སྤྱི་འཐུས་དེ་དག་གིས་ལས་དོན་ཅི་འདྲ་ཞིག་བསྒྱུབ་རྒྱུ་ཡིན་མིན་ཐད། འདི་གའི་ལས་བྱེད་པ་པདྨ་བདེ་ཆེན་གྱིས་ནེའུ་ཡོག་གྲོང་ཁྱེར་དུ་གནས་སྡོད་བྱེད་མཁན་མང་གཙོ་གོང་འཕེལ་གྱི་ལས་འགུལ་བ་ངག་དབང་བཀྲིས་ལ་གནས་འདྲི་ཞུས་པར་ལན་འདེབས་བྱས་པ་ལྟར་ན། ཁོང་གིས་གང་ཟག་དེ་གཉིས་ནི་བཙན་བྱོལ་བོད་གཞུང་དང་བྱང་ཨ་རིའི་བོད་པ་ཚོའི་དབར་གྱི་ཟམ་པ་ལྟ་བུ་ཞིག་ཡིན་པ་དགོས་པ་མ་ཟད། ཁོང་ཚོས་རང་གི་ཁྱབ་ཁོངས་མི་མང་གི་བུ་ཕྲུག་ཚོར་རང་གི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་རྣམས་མ་ཉམས་གོང་འཕེལ་གཏོང་ཐབས་བྱེད་དགོས་པ་དང་། ད་དུང་བོད་དོན་དང་འབྲེལ་བའི་ཆབ་སྲིད་ཀྱི་ལས་དོན་ཁག་ཀྱང་ལེགས་པར་སྒྲུབ་ཐུབ་མཁན་དེ་འདྲ་ཞིག་ཡིན་དགོས་ཀྱི་འདུག་ཅེས་གསུངས་འདུག

XS
SM
MD
LG