ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ཁྲིམས་ཞིབ་པ་གསུམ་གྱི་གོ་གནས་སླར་གསོ་བྱ་དགོས་པའི་འབོད་སྐུལ།


༄༅།། དེ་རིང་ཕྱི་ཚེས་༡༡་ཉིན་གྱི་ཞོགས་པའི་ཆུ་ཚོད་༩་པའི་སྟེང་དུ་བལ་ཡུལ་མཆོད་རྟེན་དང་འཇོར་པ་ཊྲེ་ས་གནས་གཞིས་ལས་ཁང་དུ་མི་མང་པོ་ཞིག་གི་ལག་ཏུ་འཕྲེད་དར་འཕྱར་ནས་དོན་ཚན་བདུན་ཅན་གྱི་རེ་སྐུལ་སྙན་ཞུ་ཞིག་ས་གནས་གཞིས་འགོ་བརྒྱུད་དེ་བཀའ་ཤག་དང་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གཉིས་ལ་ཕུལ་ཡོད་ཅིང་། སྐབས་དེར་མང་ཚོགས་ཀྱིས་ཉེ་ཆར་སྤྱི་འཐུས་ལྷན་ཁང་གིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་དཔོན་གསུམ་དུས་གཅིག་ཏུ་འཕོ་འགྱུར་བཏང་བའི་ཁྲིམས་ཞིབ་པ་གསུམ་གྱི་གོ་གནས་སླར་གསོ་བྱ་དགོས་ཞེས་ནན་བརྗོད་བྱས་སོང་། དེ་ཡང་འཆི་མེད་རྡོ་རྗེ་སོགས་ཚོགས་པ་སྐྱིད་སྡུག་ཁག་གི་སྐུ་ཚབ་དང་འཐུས་མི་རྣམས་ཡོང་སྟེ་ཏོག་དབྱིབས་ནད་དུག་ཁབ་གདལ་སྐབས་འདིར་མི་མང་རྣམས་འདུ་འཛོམ་ཆོག་གི་མེད་པ་རེད། ང་ཚོ་སྐུ་ཚབ་རྣམས་འདིར་ཡོང་དགོས་དོན་གཙོ་བོ་ནི་ཁྲིམས་ཞིབ་པ་མེད་པར་བཏང་ཡོད་པས་སྲིད་སྐྱོང་གསར་པ་དང་སྤྱི་འཐུས་གསར་པ་ཚོར་དམ་བཅའ་འབུལ་ས་མི་འདུག དེར་བརྟེན་ཁྲིམས་ཞིབ་པ་གསུམ་གྱི་གོ་གནས་སླར་གསོ་བྱེད་དགོས་ཟེར་གྱི་ཡོད་ཅེས་ནན་བརྗོད་བྱས་སོང་།།

ལོ་ན༦༢་ལ་སོན་པའི་ཨ་མ་ཀརྨ་ཆོས་སྒྲོན་ཞེས་པ་ཞིག་གིས་ད་ལྟའི་ཏོག་དབྱིབས་ནད་དུག་ཁྱབ་གདལ་ལ་སྐྲག་དངངས་ཆེན་པོ་ཡོད་ཀྱང་ང་ཚོའི་བོད་མིའི་སྒྲིག་འཛུགས་ཀྱི་མཐོ་རིམ་ལས་སྣེ་རེ་ཟུང་གི་ཕྱག་ལས་གནང་སྟངས་ལ་བློ་ཕམ་དང་སེམས་ཁྲལ་ཚད་མེད་ཡོད་པས་དེ་རིང་འདིར་ཡོང་ནས་རེ་སྐུལ་ཞུས་བ་ཡིན། ༧རྒྱལ་བ་ཡིད་བཞིན་ནོར་བུའི་བཀའ་དྲིན་ལ་བསམ་ཤེས་དང་ཁོང་གི་བཀའ་དྲིན་གྱིས་ང་ཚོ་ས་མཐའ་འདིར་ཆོས་སྲིད་གང་འཐད་དུ་རྒྱབ་སྐྱོར་ཐོབ་ནས་གནས་སྡོད་བྱེད་ཐུབ་ཡོད་པར་གཏོར་བཤིག་ཏུ་མ་གཏོང་རོགས།
ཚང་མིས་གནད་དོན་འདིར་ཐུགས་བསམ་བཞེས་ནས་ཁྲིམས་ཞིབ་པ་གསུམ་རང་འཇགས་བསྐོ་བཞག་གནང་དགོས། ཁོང་རྣམ་པས་ཀྱང་ངོས་བཞེས་གནང་རོགས། འདི་ནི་ང་ཚོ་མང་ཚོགས་ཀྱི་རེ་བ་ཡིན་ཞུས་བཤད། དེ་བཞིན་ཨ་ཚེ་ཞེས་པ་ཞིག་གིས་དེ་རིང་འདིར་རང་གཞུང་བཀའ་སྤྱི་གཉིས་ཀྱིས་མང་ཚོགས་ཀྱི་བསམ་འཆར་ལ་ཐུགས་བསམ་བཞེས་རོགས་ཟེར་ནས་རེ་བ་ཞུ་རུ་ཡོང་བ་ཡིན་པ་དང་ངོ་རྒོལ་བྱེད་དུ་ཡོང་བ་མིན། གལ་སྲིད་འདི་ལ་གྲུབ་འབྲས་མ་ཐོན་ན་དབུས་ལས་ཁུང་མདུན་དུ་འགྲོ་དགོས་ཀྱང་འགྲོ་འདོད་ཡོད་ཅེས་བརྗོད་སོང་།།

ས་གནས་གཞིས་འགོ་རྩིབ་རི་ལོ་པཎ་སྤྲུལ་སྐུ་ངག་དབང་མཆོག་གྲུབ་ཀྱིས་ཁྱེད་ཚོ་མི་མང་གི་འཐུས་མི་རྣམས་དང་བླངས་ཀྱི་སྒོ་ནས་རེ་སྐུལ་ཞུ་རུ་བཅར་བ་བཞིན་སྙན་ཞུ་འདི་འཕྲལ་དུ་དབུས་བོད་མིའི་སྒྲིག་འཛུགས་ལ་འཕྲོད་ཐབས་བྱེད་ཆོག བཀའ་ལན་གང་ཡོང་བ་དེ་མང་ཚོགས་ལ་གསལ་བཤད་བྱ་རྒྱུ་ཡིན་ཞེས་ཁས་ལེན་གནང་ཞིང་། སྲིད་སྐྱོང་དང་སྐབས་བཅུ་དྲུག་པའི་སྤྱི་འཐུས་ཡོངས་ཀྱིས་ཉེས་མེད་ཁྲིམས་ཞིབ་པ་གསུམ་གྱི་ལས་གནས་བསྐྱར་གསོ་དང་མི་མང་ལ་སྨྲ་བརྗོད་རང་དབང་སྤྲོད་དགོས། སྤྱི་འཐུས་ལྷན་ཚོགས་ཀྱིས་བཞག་པའི་གྲོས་ཆོད་ཨང་༣༩་པ་ཕྱིར་བསྡུ་བྱ་རྒྱུ་དང་༧གོང་ས་མཆོག་ཐུགས་ཕམ་འབྱུང་གཞིའི་ལས་དོན་རྣམས་མ་སྒྲུབས་རོགས་ཞེས་བལ་ཡུལ་དུ་གནས་འཁོད་བོད་པ་ཚོས་ནན་བརྗོད་ཞུས་ཡོད་པ་བཅས་ཀྱི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG