ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༥/༠༥/༢༢

ཐུབ་བསྟན་དངོས་གྲུབ་དམ་པ་དེ་ཉིད་ལ་རྗེས་དྲན།


༄༅།། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ཟླ་༤་ཚེས་༢༩་ཉིན་ལྡི་ལིའི་བསམ་ཡས་གླིང་བོད་སྒར་དུ་མར་མེའི་མཆོད་འབུལ་དང་སྨོན་ལམ་གསུངས་ནས་བོད་ཀྱི་བསྟན་སྲིད་དོན་དུ་རང་སྲོག་བློས་བཏང་བའི་རྒྱལ་གཅེས་པ་ཡོངས་ལ་རྗེས་དྲན་ཞུས་སོང་། དེ་རིང་གི་ཉིན་མོ་འདི་ནི་༡༩༩༨་ལོར་ཐུབ་བསྟན་དངོས་གྲུབ་དམ་པ་དེ་ཉིད་ཀྱིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཞིག་གི་སྐབས་སུ་རང་ལུས་མེར་སྲེག་བཏང་སྟེ་འདས་གྲོངས་སུ་གྱུར་པའི་ཉིན་མོ་ཡིན་ཞིང་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཕྱི་ཟླ་༤་པའི་ཚེས་༢༩་འདི་བོད་པ་རྒྱལ་གཅེས་ཕོ་མོ་རྣམས་ལ་རྗེས་དྲན་ཞུ་བའི་རྒྱལ་གཅེས་དཔའ་བོའི་ཉིན་མོར་གཏན་འབེབས་བྱས་ནས་སྲུང་བརྩི་ཞུ་བཞིན་ཡོད་མོད། འོན་ཀྱང་ད་ལོ་རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་ཕྱིན་ནས་འགྲོ་འོང་བཀག་སྡོམ་བྱེད་ཡོད་པའི་སྟབས་ཀྱིས་མཆོད་འབུལ་དང་དྲྭ་ལམ་དུ་བོད་དོན་གླེང་མོལ་སོགས་ཀྱི་བྱེད་སྒོ་ཁག་ཅིག་སྤེལ་ནས་དུས་དྲན་སྲུང་བརྩི་ཞུས་ཡོད་པའི་སྐོར། འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་ལྡི་ལི་ནས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG