ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རྒྱ་གར་གྱི་བོད་པ་བཙན་བྱོལ་བ་ཚོས་རྒྱ་ནག་གི་དཔུང་འཛུལ་ལ་ངོ་རྒོལ།


༄༅།། དེ་རིང་ཕྱི་ཟླ་༦་པའི་ཚེས་༡༨་ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལས་ཁུངས་སུ་བོད་པའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་ལྔ་ཐུན་མོང་གིས་ཉེ་ལམ་རྒྱ་དཀར་ནག་གི་ས་སྲུང་དམག་མི་ཁག་ཅིག་གྷལ་ཝན་ལུང་གཤོང་དུ་གྲགས་པའི་ལ་དྭགས་ཀྱི་ས་མཚམས་ཤིག་ཏུ་འཁྲུག་འཛིང་ཚབས་ཆེན་བྱུང་སྟེ་རྒྱ་གར་གི་དམག་དཔོན་ཞིག་ཚུད་པའི་མི་༢༠་ལ་སྲོག་སྐྱོན་བྱུང་བ་དེ་དག་གི་ཕ་མ་སྤུན་མཆེད་དང་བཟའ་ཟླ་བུ་ཕྲུག་ཚོར་གདུང་སེམས་མཉམ་སྐྱེད་དང་འདས་པོ་ཚོར་མྱ་ངན། རྒྱ་ནག་གིས་རྒྱ་གར་གྱི་མངའ་ཁོངས་སུ་དཔུང་འཛུལ་བྱས་པར་ཁ་རྡུང་དྲག་པོ་བཏང་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་སྐལ་བཟང་འཇིགས་མེད་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།


XS
SM
MD
LG