ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་གཞུང་གིས་གསེར་ཆེན་རྫོང་གི་བོད་པའི་འབྲོག་ས་གཞུང་བཞེས།


༄༅།། རྒྱ་ནག་གཞུང་གིས་བོད་ནང་གི་ས་ཆ་མང་པོ་ཞིག་གཞུང་བཞེས་བཏང་སྟེ་ཤིང་ནགས་འདེབས་འཛུགས་དང་གཞུང་ལམ་འཛུགས་སྐྲུན། གློག་ཁང་འཛུགས་སྐྲུན་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་དག་ཅིག་བྱུང་དང་འབྱུང་བཞིན་ཡོད་ཅིང་། ད་ལྟ་ཉི་གློག་ས་ཚིགས་གསར་འཛུགས་བྱེད་པར་རྒྱ་ནག་གཞུང་གིས་བོད་ནང་གི་ཞིང་འབྲོག་མང་ཚོགས་ཀྱི་ས་ཆ་མང་པོ་ཞིག་གཞུང་བཞེས་གཏོང་གི་ཡོད་པ་བརྙན་ཐུང་དང་འདྲ་པར་བཅས་ནས་ཤེས་རྟོགས་ཐུབ།།

ཕྱི་ཚེས་༡༧་ཉིན་བོད་ནས་མིང་འདོན་བྱེད་འདོད་མེད་པའི་མི་ཞིག་གིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱི་མཚོ་ལྷོ་ཁུལ། གསེར་ཆེན་རྫོང་གི་མངའ་ཁོངས་སུ་གཏོགས་པའི་རྨ་ཆུ་ཁར་དང་ཐག་ཉེར་ཆགས་པའི་ཐེ་གེ་ལབ་ཙེ་སྡེ་བའི་ས་ཐོག་དུ་ལོ་ཤས་སྔོན་ནས་རྒྱ་ནག་གཞུང་གིས་ཉི་གློག་ས་ཚིགས་གསར་པ་འཛུགས་སྐྲུན་བྱས་ནས་མང་ཚོགས་ཀྱི་ས་ཆ་རྒྱ་ཁྱོན་ཧ་ཅང་ཆེན་པོ་ཞིག་གཞུང་བཞེས་བཏང་ཡོད་པའི་གནས་ཚུལ་ཐོན་འདུག

ས་ཆའི་རྒྱ་ཁྱོན་ལྟར་མང་ཚོགས་ལ་གུན་གསུབ་ཀྱི་དངུལ་སྒོར་ཅུང་ཙམ་སྤྲད་ཡོད་ཀྱང་སྔོན་ཆད་ས་གནས་དེའི་མང་ཚོགས་ཀྱིས་ལུག་མང་པོ་འཚོ་སྐྱོང་བྱས་ནས་འཚོ་བར་རོལ། དེང་སྐབས་རྒྱ་གཞུང་གིས་རྩ་ས་མང་པོ་ཞིག་གཞུང་བཞེས་གཏོང་གི་ཡོད་པའི་རྐྱེན་གྱིས་འབྲོག་ཁྱིམ་བརྒྱ་ཆ་༧༠་ལྷག་གིས་ལུག་རྣམས་གཅིག་ཀྱང་མ་ལུས་པར་བཙོངས་ཏེ་ཁུལ་ཐོག་ཏུ་ཁང་པ་ཉོས་ནས་གཏན་སྡོད་བྱེད་པའམ། ཁོ་ཚོས་ཁུལ་ཐོག་ཏུ་ཞོར་ལས་ལ་བརྟེན་ནས་འཚོ་བར་སྐྱེལ་དགོས་འབྱུང་གི་འདུག་ཅེས་གནས་ཚུལ་སྤྲོད་པས་འགྲེལ་བརྗོད་བྱས་ཡོད་པའི་སྐོར། བལ་ཡུལ་ནས་འདི་གའི་གསར་འགོད་པ་ཀུན་བཟང་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG