ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༥/༠༩

རྩོམ་པ་པོ་ཞོགས་དུང་རྒྱ་ནག་གི་དོ་དམ་འོག་ནས་གློད་གྲོལ།


རྩོམ་པ་པོ་ཞོགས་དུང་རྒྱ་ནག་གི་དོ་དམ་འོག་ནས་གློད་གྲོལ།
རྩོམ་པ་པོ་ཞོགས་དུང་རྒྱ་ནག་གི་དོ་དམ་འོག་ནས་གློད་གྲོལ།

ད་ལོའི་མགོ་སྟོད་དེར་རྒྱ་ནག་གཞུང་གིས་མེས་རྒྱལ་ཁ་བྲལ་གཏོ་བར་ངན་སྐུལ་བྱེད་མཁན་གྱི་ནག་ཉེས་བཙུགས་ཏེ། བོད་པ་རྩོམ་པ་པོ་ཞོགས་དུང་"ཁྲིམས་བཤེར་བྱེད་རྒྱུ་ཡོད་པའི་ཐོག་ཏུ་འགན་རྒྱ་བཞག་ནས་རྒྱ་ནག་གི་ཁྲིམས་ལུགས་གཞི་བཟུང་ལྟར་གློད་གྲོལ"བཏང་བ་ཡིན་ཞེས་གནས་ཚུལ་ཐོན་ཞིང༌། རྒྱལ་སྤྱིའི་གསར་འགྱུར་ལས་ཁང་ཁག་གིས་གནས་ཚུལ་སྤེལ་པར་གཞིགས་ན༌། རྒྱ་ནག་གཞུང་གིས་ཞོགས་དུང་དོ་དམ་བྱེད་དགོས་པའི་རྒྱུ་རྐྱེན་གཙོ་བོ་་ཁོང་གིས་སྐྱེ་རྒུ་མདོའི་ས་ཡོམ་གྱི་གནོད་འཚེ་འཕོག་མཁན་ཚོར་སེམས་གསོའི་རྩོམ་ཡིག་ཁག་གཉིས་ཙམ་བྲིས་ནས་ཡོངས་གྲགས་སུ་འགྲེམ་སྤེལ་ཡོད་པ་དེར་འབྲེལ་བ་ཡོད་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG