ཕྱི་ལོ་༡༩༥༩འི་ཕྱི་ཟླ་༣་ཚེས་༡༠་ཉིན་བོད་ཀྱི་རྒྱལ་ས་ལྷ་སར་བོད་མི་མང་གིས་རྒྱ་ནག་གིས་བོད་བཙན་འཛུལ་བྱེད་པར་སྒེར་ལངས་ངོ་རྒོལ་ཆེན་པའི་བྱས་པའི་རྗེས་ བོད་ཀྱི་བོད་མེད་ཚོས་རྒྱ་ཆེའི་ངོ་རྒོལ་སྒེར་ལངས་བྱས་པའི་ཉིན་མོ་ སྲུང་བརྕེའི་ངང་རྒྱ་གར་དུ་དབུས་བོད་ཀྱི་བུད་མེད་ཚོགས་པའི་དབུ་ཁྲིད་འོག་ལོ་ངོ་༥༣འཁོར་བའི་དུས་དྲན་ཐོག་རྒྱ་ནག་གིས་བོད་མུ་འཐུད་དེ་དྲག་པོའི་སྲིད་བྱུས་འོག་བཙན་ཟུང་བྱེད་པར་བོད་ཀྱི་བུད་མེད་ཚོས་ངོ་རྒོལ་བྱེད་པ་བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གནས་ཚུལ་མཁོ་གཏོང་བ་བསྟན་འཛིན་བཟང་མོ་ལགས་ཀྱིས་སྙན་སྒྲོན་ཞུ་ཡིས་རེད།