ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་ཀྱི་བུད་མེད་སྒེར་ལངས་དུས་དྲན་ཐེངས་༦༢ པ་སྲུང་བརྩི།


དེ་རིང་སྤྱི་ཟླ་༣པའི་ཚེས་༡༢ཉིན་ནི་ལོ་ངོ་༦༢ ཡི་གོང་དུ་བོོད་ཀྱི་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་རྒྱལ་གཅེས་དཔའ་མོ་ཀུན་བཟང་ལགས་དང་དགའ་གླིང་ཤར་ཆོས་ལགས། སྤེལ་གོང་སྤེན་པ་སྒྲོལ་མ་ལགས་སོགས་ཀྱི་སྣེ་ཁྲིད་འོག་ཏུ་བོད་ཀྱི་བུད་མེད་རྣམས་ནས་མ་བགྲོས་བསམ་པ་གཅིག་མཐུན་གྱིས་རྒྱ་དམར་གཞུང་གིས་བོད་ཀྱི་ས་ཁུལ་ལ་བཙན་འཛུལ་བྱས་པར་ཞི་བའི་སྒེར་ལངས་གནང་བའི་ཉིན་མོ་ཡིན་སྟབས། དབུས་དང་ས་གནས་ཀྱི་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་བཀོད་སྒྲིག་འོག་ཏུ་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ཉེ་འགྲམ་དུ་སེར་སྐྱ་མང་ཚོགས་བརྒྱ་ཕྲག་བརྒལ་བ་ཞིག་འདུ་འཛོམས་ཀྱིས་དུས་དྲན་འདི་སྲུང་བརྩི་ཞུས་ཤིང་། འདུ་འཛོམས་འདིའི་སྟེང་དམིགས་བསལ་སྐུ་མགྲོན་དགེ་བཤེས་མ་བསྟན་འཛིན་ཀུན་གསལ་ལགས་དང་། བོད་མི་དམངས་སྤྱི་འཐུས་སྒྲོལ་མ་ཚེ་རིང་ལགས། སྐུ་མགྲོན་གཙོ་བོ་བཀའ་ཟུར་རིན་ཆེན་མཁའ་འགྲོ་ལགས། དེ་མིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པའི་སྐུ་ཚབ་རྣམས་བཅས་མཉམ་ཞུགས་ཀྱིས་བོད་ཀྱི་རྩ་དོན་ཆེད་ལུས་སྲོག་ལོངས་སྤྱོད་བློས་གཏོང་གནང་མཁན་རྣམས་ལ་མྱ་ངན་གུས་འདུད་བྱས་ཤིང་། དེའི་རྗེས་ལ་དབུས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་སྒྲོལ་མ་དབྱངས་ཅན་ལགས་ཀྱིས་བོད་ཀྱི་བུད་མེད་སྒེར་ལངས་ཀྱི་བསྒྲགས་གཏམ་སྤེལ་བའི་ནང་དུ། འདས་པའི་མི་ལོ་༦༢་ཡི་རིང་ལ་བོད་ཀྱི་བུད་མེད་རྣམས་ཀྱིས་རྒྱ་ནག་གི་བཙན་འཛུལ་ལ་སྙིང་སྟོབས་ཆེན་པོས་གདོང་ལེན་བྱས་ཤིང་། བོད་མི་རྣམས་ལ་ཚད་ལས་འདས་པའི་མནར་གཅོད་བཏང་བའི་གནས་སྟངས་ཐེར་འདོན་གནང་ཡོད་པ་བཅས་ལ་རྗེས་དྲན་དང་། དེ་དང་འབྲེལ་ནས་རྒྱལ་སྤྱིའི་དབུ་ཁྲིད་དང་ཚོགས་པ་ཁག་ལ་དགོས་འདུན་ཁག་ཅིག་ཀྱང་བཏོན་གནང་སོང་།

དེ་བཞིན་དེ་རིང་གི་ལས་འགུལ་ནང་མཉམ་བཞུགས་གནང་མཁན་ཨུ་རྒྱན་མཆོག་གྲུབ་ལགས་ཀྱིས། ༡༩༥༩ ལོར་བོད་ཀྱི་བུད་མེད་ཚོས་སྒེར་ལངས་བྱས་པ་ནི་བོད་ཀྱི་རྩ་དོན་ཆེད་ཡིན་པ་ལས་བུད་མེད་ཀྱི་ཐོབ་ཐང་གི་ཆེད་མིན་པས་ན། བོད་ཀྱི་བུད་མེད་སྒེར་ལངས་ཀྱི་དུས་དྲན་འདིར་ཕོ་མོ་དབྱེར་མེད་ཐོག་མཉམ་བཞུགས་གནང་སྟེ་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་རེད་ལ། རྒྱུ་མཚན་དེ་ལ་བརྟེན་ནས་ང་ཡང་ལས་འགུལ་འདིའི་ནང་མཉམ་བཞུགས་བྱས་པ་ཡིན་ཅེས་ཀྱང་གཏམ་བཤད་སྤེལ་འདུག

XS
SM
MD
LG