ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༣/༠༩/༢༥

ས་འགུལ་བརྒྱུགས་ནས་ལོ་གཅིག་རྗེས་སུ་བོད་གྲོང་འགའ་གུར་དུ་འཚོ་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༢༠༡༥་ལོའི་ཕྱི་ཟླ་༤་ཚེདས་༢༥་ཉིན་བལ་ཡུལ་ལ་ས་འགུལ་ཆེན་པོ་ཞིག་བརྒྱུགས་པ་དང་། དེ་རིང་བལ་ཡུལ་ལ་ས་འགུལ་བརྒྱུགས་ནས་གཅིག་ཧྲིལ་བོ་འཁོར་པའི་དུས་ཚོད་ཡིན་རུང་། འདས་པའི་ལོ་གཅིག་རིང་དུ་བལ་ཡུལ་ལ་ཁང་པ་བསྐྱར་གསོ་བྱུང་མེད་པ་རྒྱལ་སྤྱིའི་གསར་འགྱུར་ཁག་ཏུ་མང་པོ་ཞིག་སྤེལ་བཞིན་ཡོད་ཅིང་། འོན་ཀྱང་ན་ནིང་གི་ས་འགུལ་དེའི་སྐབས་སུ་བལ་ཡུལ་དང་ས་ཐག་ཉེ་སའི་བོད་ཀྱི་ས་ཁུལ་ཁག་ལའང་གོ་ཆག་ཆེན་པོ་བྱུང་སྟེ། འདི་ག་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན་ད་དུང་ཡང་བོད་ཀྱི་ས་ཁུལ་དེ་དག་གི་མི་དམངས་ཧ་ཅང་མང་པོ་ཞིག་སྔར་བཞིན་ཉེན་གཡོལ་གནས་སྤོར་བྱ་ཡུལ་ས་ཁུལ་ཁག་ཏུ་གུར་བརྒྱབ་ནས་འཚོ་གནས་བྱ་དགོས་ཐུག་ཡོད་པ་རེད།།

XS
SM
MD
LG