ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མོན་རྟ་དབང་ཁུལ་དུ་གསུམ་བཅུའི་དུས་དྲན་སྲུང་བརྩི།


༄༅།། ཁ་སང་ཕྱི་ཟླ་༣་པའི་ཚེས་༡༠་ཉིན་ཧིན་བོད་ས་མཚམས་ཀྱི་ཨ་རུ་ན་ཅལ་མངའ་སྡེའི་མོན་རྟ་དབང་ཁུལ་དུ་བོད་མིའི་རང་དབང་སྒེར་ལངས་ཉིན་མོར་ས་གནས་ཡུལ་མི་ཚོས་གསུམ་བཅུའི་དུས་དྲན་ཐེངས་༦༣་པ་དེ་སྲུང་བརྩི་ཞུས་འདུག འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ནས་རྟ་དབང་ས་གནས་ཀྱི་མོན་པ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཡོན་ཏན་བཟོད་པར་གསུམ་བཅུའི་དུས་དྲན་གྱི་ལས་འགུལ་སྤེལ་དགོས་པའི་རྒྱུ་མཚན་སོགས་ལ་བཅར་འདྲི་ཞུས། ཁོང་གིས་གསུམ་བཅུའི་དུས་དྲན་ནི་མེས་པོ་ཀརྨ་དབང་ཕྱུག་གིས་ཧིན་བོད་མཛའ་འབྲེལ་ཚོགས་པ་གསར་དུ་བཙུགས་ཏེ་གསུམ་བཅུའི་དུས་དྲན་ལ་སོགས་པའི་བོད་དོན་དང་འབྲེལ་བའི་ལས་འགུལ་ཁག་སྤེལ་བཞིན་ཡོད་པ་རེད། ཕྱིས་སུ་ཧིན་བོད་འབྲེལ་མཐུད་ཚོགས་པར་མཉམ་འབྲེལ་བྱས་ནས་ལས་འགུལ་སྤེལ་ཡོད། ད་ལོ་མོན་རྟ་དབང་ཁུལ་དུ་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་གསར་འཛུགས་བྱུང་སྟེ་ལས་འགུལ་ཐོག་མ་དེ་ཧིན་བོད་མཛའ་འབྲེལ་ཚོགས་པ་དང་ཧིན་བོད་འབྲེལ་མཐུད་ཚོགས་པ་གསུམ་མཉམ་འབྲེལ་གྱིས་གོ་སྒྲིག་ཞུས་པ་ཡིན། ས་གནས་མི་མང་ཡང་ལས་འགུལ་ལ་མཉམ་ཞུགས་བྱུང་སོང་། དེ་བཞིན་ས་གནས་དེར་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་འཛུགས་དགོས་དོན་ནི་ས་གནས་དེའི་མི་རིགས་ཚང་མས་མུ་མཐུད་དུ་བོད་དོན་ལ་རྒྱབ་སྐྱོར་ཡོང་བའི་ཆེད་དུ་ཡིན། སློབ་གྲྭ་ཁག་དང་ས་གནས་མི་མང་ལ་བོད་དོན་ངོ་སྤྲོད་དང་དྲིལ་བསྒྲགས་གི་ལས་འགུལ་སྤེལ་རྒྱུ་ཡིན་ཞེས་བཤད་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG