ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ལྷག་པ་ ༢༠༢༦-༠༩-༢༣
བོད།
ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ནད་པ་༢༣༡་ལ་སྨན་བཅོས་བྱེད་བཞིན་པ།
༡༥།༡༠།༢༠༢༠
ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ནད་པ་༢༣༡་ལ་སྨན་བཅོས་བྱེད་བཞིན་པ།
འགྲེམ་སྤེལ།
འགྲེམ་སྤེལ།
Embed
share
ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་ནད་པ་༢༣༡་ལ་སྨན་བཅོས་བྱེད་བཞིན་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:07:15
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
128 kbps | MP3
32 kbps | MP3
གསན་གཟིགས་གནང་ས།
༄༅།། དེང་སྐབས་རྒྱ་གར་ལྷོ་ཕྱོགས་ཀྱི་བོད་མིའི་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ཏུ་རྒྱ་ནག་ནས་བྱུང་བའི་ཏོག་དབྱིབས་ནད་དུག་ཁྱབ་སྟེ་ཛ་དྲག་ཆེ་རུ་འགྲོ་བཞིན་ཡོད་ཅིང་། དེ་ཡང་ཟླ་བ་འདིའི་ཕྱི་ཚེས་༢་ཉིན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་དགེ་འདུན་པ་གཉིས་ལ་ཏོག་དབྱིབས་ནད་རྟགས་ཐོན་ཏེ་བློ་གླིང་གྲྭ་ཚང་གི་དགེ་འདུན་པ་སྤྱི་ལ་བརྟག་དཔྱད་བྱེད་བཞིན་ཡོད་པས་ཕྱི་ཟླ་༡༠་ཚེས་༡༤་བར་དུ་ཁྱོན་བསྡོམས་དགེ་འདུན་པ་༢༧༥༡་ལ་བརྟག་དཔྱད་བྱས་ནས་དགེ་འདུན་པ་༢༤༩་ལ་ཏོག་དབྱིབས་ནད་རྟགས་ཐོན། དགེ་འདུན་པ་༡༢༢་དྲག་སྐྱེད་བྱུང་བ་དང་ད་དུང་ནད་པ་༡༢༧་ཡོད་པར་མ་ཟད། དགེ་འདུན་པ་འཕྲོ་རྣམས་ལ་མུ་མཐུད་དུ་བརྟག་དཔྱད་བྱ་རྒྱུ་ཡིན་ཞེས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་གི་མཁན་རིན་པོ་ཆེ་བློ་བཟང་བསམ་གཏན་གྱིས་འདི་གར་གསུངས་བྱུང་། ཁོང་གིས་ནད་དུག་ཕོག་པའི་དགེ་འདུན་པ་དེ་དག་གི་གྲས་ཀྱི་དགུང་ལོ་མཐོ་ཤོས་ནི་༦༣་དང་ཆུང་ཤོས་ནི་ལོ་༡༠་ཡིན་ཞིང་། སྟབས་ལེགས་པ་ཞིག་ལ་ནད་པ་དེ་དག་གི་གྲས་སུ་ཛ་དྲག་ཅན་གཅིག་ཀྱང་བྱུང་མ་སོང་། ད་དུང་སྦག་སའི་གནས་བརྟན་བགྲེས་སོང་ཚོར་ནད་དུག་གཏན་ནས་འགོས་མེད་ཅེས་གསུངས་འདུག
ད་ལྟའི་ཆར་དྲག་སྐྱེད་ཟིན་པ་དང་ནད་གཞི་ཡོད་པ་རྣམས་མུ་མཐུད་དུ་ཟུར་འགོག་བྱས་ནས་བཞག་ཡོད་ཅིང་། སྤྱི་ཐབ་གནས་སྐབས་རིང་སྒོ་བརྒྱབ་སྟེ་དགོན་པའི་གླིང་ནང་དུ་ཕར་ཚུར་འགྲོ་སྐྱོད་བྱེད་མི་ཆོག་པ་དང་གྲྭ་ཚང་གིས་དགེ་འདུན་པ་ཚང་མར་གསོལ་དོད་འབུལ་གྱི་ཡོད། སྨན་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་གང་དགོས་གྲྭ་ཚང་གིས་ནར་གཏོང་བྱེད་ཀྱི་ཡོད། དགེ་འདུན་པ་སྤྱི་ཡོངས་ལ་བརྟག་དཔྱད་རིམ་པ་གཉིས་པ་ཞིག་བྱ་འཆར་ཡོད། སྤྱིར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ལ་དགེ་འདུན་པ་༣༠༠༠་ཙམ་ཡོད་པ་དེའི་ཁོངས་ནས་མི་༢༠༠་ལྷག་གྲྭ་ཚང་གི་ལས་དོན་འདྲ་མིན་ཆེད་དུ་ཕྱི་ཕྱོགས་སུ་བཞུགས་ཡོད་ཅེས་གསུངས་བྱུང་།།
འདི་དང་དུས་མཚུངས་སུ་ཟླ་བ་འདིའི་ཕྱི་ཚེས་༡༢་ནས་མོན་གྷོ་བོད་མིའི་འཕྲོད་བསྟེན་སྨན་ཁང་དུ་བརྟག་དཔྱད་བྱས་ནས་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་༦༠་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་རྩད་ཆོད་སོང་ཞེས་བྱང་རྩེ་གྲྭ་ཚང་འཕྲོད་བསྟེན་སྨན་ཁང་གི་ཕྱི་ལུགས་སྨན་པ་དོན་གྲུབ་ཀྱིས་འགྲེལ་བརྗོད་གནང་སོང་། ཁོང་གིས་དགེ་འདུན་དམངས་རྣམས་ས་གནས་རྒྱ་གར་གཞུང་གི་སྨན་ཁང་དུ་ཚད་མཐོའི་བརྟག་དཔྱད་བྱེད་བཞིན་ཡོད། ད་ལྟ་གྲུབ་འབྲས་འཐོན་རྒྱུར་སྒུག་བཞིན་ཡོད་ཅེས་གསུངས་ཡོད་ཅིང་། དེའེ་སྔོན་ལ་དགའ་ལྡན་ཤར་རྩེ་གྲྭ་ཚང་གི་དགེ་འདུན་པ་བརྒྱ་ལྷག་ལ་ཏོག་དབྱིབས་ནད་དུག་འགོས་པའི་གནས་ཚུལ་ཐོན། ད་ལྟ་ཤར་རྩེ་གྲྭ་ཚང་གི་དགེ་འདུན་པ་ཚང་མ་དྲག་སྐྱེད་བྱུང་འདུག དེ་བཞིན་འབྲས་སྤུངས་སྒོ་མང་གྲྭ་ཚང་གི་དགེ་འདུན་པ་རྣམས་ལའང་རྟག་དཔྱད་བྱ་རྒྱུའི་འཆར་གཞི་འདུག
མོན་གྷོ་འདོད་རྒུ་གླིང་དུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པའི་ཛ་དྲག་གིས་མོན་གྷོ་འདོད་རྒུ་གླིང་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་བཙུགས་ནས་ཚོགས་མི་ཚོས་གྲོས་སྡུར་དང་ཐག་གཅོད་བྱས་པ་ལྟར་ཕྱི་ཟླ་༡༠་ཚེས་༡༥་ནས་དུས་ཡུན་བདུན་ཕྲག་གཉིས་རིང་དུ་མོན་གྷོ་འདོད་རྒུ་གླིང་གི་མང་ཚོགས་དང་དགེ་འདུན་པ་རྣམས་ཕྱི་ནང་གང་དུའང་འགྲོ་འོང་བྱེད་མི་ཆོག་པའི་བཀག་སྡོམ་བྱ་རྒྱུ་རེད་འདུག ད་ལྟའི་བར་དུ་མོན་གྷོ་འདོད་རྒུ་གླིང་གི་ཁྱབ་ཁོངས་སུ་མི་གྲངས་༣༠༠༠་བརྒལ་བ་ཞིག་ལ་ཏོག་དབྱིབས་ནད་དུག་འགོས་ཡོད་མེད་བརྟག་དཔྱད་བྱས་ཟིན་ཞེས་མོན་གྷོ་འདོད་རྒུ་གླིང་གི་ས་གནས་གཞིས་འགོ་ལྷག་པ་ཚེ་རིང་གིས་འགྲེལ་བརྗོད་གནང་བྱུང་།།
གཞན་ཡང་སྦེལ་ཀོབ་བོད་མིའི་གཞིས་ཆགས་དང་དགོན་སྡེ་ཁག་ཏུ་ད་ལྟའི་བར་དུ་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་༤༢་བྱུང་ཞིང་། ད་ལྟ་སྨན་བཅོས་བྱེད་བཞིན་པ་མི་གྲངས་༢༡་ཡོད་ཅེས་སྦེལ་ཀོབ་འཕྲོད་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་རིག་འཛིན་རྣམ་རྒྱལ་གྱིས་འགྲེལ་བརྗོད་གནང་བྱུང་། ཧུན་སུར་རབ་རྒྱས་གླིང་དུ་ནད་པ་༣༠་བྱུང་བ་དེ་དག་གི་གྲས་ནས་མི་༨་དྲག་སྐྱེད་བྱུང་། ད་དུང་ནད་པ་༢༢་ལ་སྨན་བཅོས་བྱེད་བཞིན་ཡོད་ཅེས་ཧུན་སུར་རབ་རྒྱས་གླིང་འཕྲོད་བསྟེན་སྨན་ཁང་གི་འགན་འཛིན་བསོད་ནམས་གཡུ་རྒྱལ་གྱིས་འགྲེལ་བརྗོད་གནང་བྱུང་། ཀོ་ལི་གྷལ་དོན་ལྡན་གླིང་དུ་ནད་པ་༢་བྱུང་སྟེ་གཅིག་དྲག་སྐྱེད་བྱུང་། ནད་པ་གཞན་པ་དེར་སྨན་བཅོས་བྱེད་བཞིན་ཡོད་ཅེས་གཞིས་འགོ་དགེ་ལེགས་འབྱུང་གནས་ཀྱིས་འགྲེལ་བརྗོད་གནང་བྱུང་། སྤྱིར་ད་ལྟའི་ཆར་ལྷོ་ཕྱོགས་བོད་མིའི་གཞིས་ཆགས་ཁག་དང་དགོན་སྡེ་ཁག་ཏུ་ཁྱོན་བསྡོམས་ཏོག་དབྱིབས་ནད་དུག་ཕོག་པའི་ནད་པ་༢༣༡་བྱུང་བ་ཡོད་པ་དེ་དག་ལ་སྨན་བཅོས་བྱེད་བཞིན་ཡོད་ཀྱང་བརྟག་དཔྱད་གྲུབ་འབྲས་ཐོན་རིམ་བཞིན་དུ་ནད་པའི་གྲངས་འབོར་མུ་མཐུད་འཕར་སྲིད་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
This item is part of
བོད།
བཙན་བྱོལ།
འབྲེལ་ཡོད།
བོད་པའི་བུད་མེད་ལ་སྲུང་སྐྱོབ་དང་ལྟ་རྟོག་ཚན་པ་གསར་འཛུགས།
འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཚོགས་པའི་འགན་འཛིན་ཞིག་ལ་བཅར་འདྲི།
XS
SM
MD
LG