ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

རང་སྲེག་ངོ་རྒོལ་བར་ཟི་ལིང་དམག་གི་སྨན་ཁང་དུ་སྨན་བཅོས།


ཕྱི་ཟླ་༦་ཚེས་༢༠་ཉིན་རྫ་སྟོད་གྲོང་རྡལ་དུ་བོད་པ་ན་གཞོན་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པ་དང་། སྐབས་དེར་རང་ལོ་༢༤་ལ་སོན་པའི་རང་སྲེག་ངོ་རྒོལ་བ་བསྟན་འཛིན་མཁས་གྲུབ་འདས་གྲོངས་སུ་གྱུར་རུང་། ཁོང་གི་རོགས་པ་རང་ལོ་༢༢་ལ་སོན་པའི་རང་སྲེག་ངོ་རྒོལ་བ་ངག་དབང་ནོར་འཕེལ་གྲོངས་མེད་པ་དང་། ད་ལྟ་རྒྱ་གཞུང་གི་ཉེན་རྟོག་པ་ཚོས་ངག་དབང་ནོར་འཕེལ་ཟི་ལིང་གྲོང་ཁྱེར་གྱི་དམག་གི་སྨན་ཁང་ཞིག་ལ་འཁྱེར་ནས་སྨན་བཅོས་བྱེད་ཀྱི་ཡོད་ཀྱང་ཁོང་འཚོ་གནས་ཐུབ་མིན་ཐེ་ཚོམ་ཡིན་པ་དང་། ད་སྔ་རྒྱ་ནག་གཞུང་གིས་ཟིལ་དཀར་དགོན་པར་དྲག་ཆས་ཉེན་རྟོག་པ་བཏང་ནས་དྲག་གནོན་དེ་ཙམ་བྱེད་ཀྱི་ཡོད་ཀྱང་རྫ་སྟོད་གྲོང་རྡལ་ལ་ཉེན་རྟོག་པ་མང་དག་ཅིག་འགྲེམ་འཇོག་བྱེད་འདུག་ཅེས་གནས་ཚུལ་ཐོན་པའི་སྐོར། རྡོ་རྗེ་ཚེ་བརྟན་གྱིས་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་སེར་བྱེས་འདན་མ་ཁང་མཚན་གྱི་གྲྭ་བློ་བཟང་སངས་རྒྱས་ལ་བཅར་འདྲི་ཞུས་པའི་གནས་ཚུལ་ཞིག་གསན་རོགས་གནང་།

XS
SM
MD
LG