ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བསམ་ཡས་གླིང་གི་བོད་ཕྲུག་ཚོར་དྲྭ་ལམ་དུ་སློབ་ཁྲིད།


༄༅།། རྒྱ་གར་ལ་ཏོག་དབྱིབས་ནད་དུག་ཁྱབ་གདལ་སྔོན་འགོག་ཆེད་དུ་རྒྱ་གར་དབུས་གཞུང་དང་མངའ་སྡེ་གཞུང་། ས་གནས་ཁག་གི་གཞུང་སོ་སོས་ཕྱི་ཟླ་༣་པའི་མགོ་སྟོད་ནས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཡོངས་རྫོགས་སྒོ་རྒྱག་དགོས་པའི་བཀོད་ཁྱབ་བཏང་ཡོད་ཅིང་། འདས་པའི་ཟླ་བ་གཅིག་དང་ཕྱེད་ཀ་ལྷག་ལ་རྒྱ་གར་གྱི་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཀྱང་སྒོ་བརྒྱབ་ཡོད་པ་རེད། ལྡི་ལིའི་བོད་སྒར་བསམ་ཡས་གླིང་གི་བོད་ཁྱིམ་ཉིན་སློབ་ནི་བོད་པའི་སློབ་གྲྭ་གཞན་དང་མ་འདྲ་བར་དུས་ཡུན་རིང་པོ་ཞིག་ལ་སྒོ་རྒྱག་དགོས་ཁེལ་གྱི་ཡོད་པས་དགེ་རྒན་དང་ལས་བྱེད་པ་ཚོས་སློབ་ཕྲུག་གི་ཤེས་ཡོན་སློབ་སྦྱོང་ལ་འཐུས་ཤོར་འགྲོ་སྲིད་པའི་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པར་མ་ཟད། ཁོ་ཚོས་སློབ་གྲྭ་འཚོགས་ཐུབ་ཀྱི་མེད་ཀྱང་སྤྱི་ཚོགས་འབྲེལ་མཐུད་ཀྱི་མཉེན་ཆས་ཝ་ཊི་སི་ཨབ་བརྒྱུད་ནས་སློབ་ཕྲུག་ཚོར་དྲྭ་ལམ་དུ་སློབ་ཁྲིད་བྱེད་བཞིན་ཡོད་པའི་སྐོར། ལྡི་ལི་ནས་འདི་གའི་གསར་འགོད་པ་བསྟན་འཛིན་ནོར་བཟང་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG