ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲོག་ཁྲིམས་བཅད་པར་བརྡ་ལན།


བོད་མདོ་སྨད་རྔ་བ་ཀི་རྟི་དགོན་པའི་དགེ་འདུན་པ་བློ་བཟང་དཀོན་མཆོག་ལ་རང་ལུས་མེར་བསྲེགས་གཏོང་མཁན་ཚོར་རྒྱུད་སྐུལ་བྱེད་མཁན་གྱི་ནག་ཉེས་འོག་ལོ་གཉིས་འཕར་འགྱངས་ཀྱིས་སྲོག་ཁྲིམས་བཅད་ཡོད་པ་དང་བློ་བཟང་ཚེ་རིང་ལ་ལོ་བཅུ་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་ཡོད་པ་དེའི་ཐད་འགྲོ་བ་མིའི་ཐོབ་ཐང་དང་དམངས་གཙོ་འཕེལ་རྒྱས་ལྟེ་གནང་ཁང་གིས་བརྗོད་ན་རྒྱ་ནག་གཞུང་གིས་དྲང་བདེན་མ་ཡིན་པ་དང་ཁྲིམས་མཐུན་ཞུ་བཏུགས་ཀྱི་ཐོབ་ཐང་མ་སྤྲད་པར་ཁྲིམས་ཆད་བཅད་པ་དེར་ངོ་རྒོལ་ཡོད་པ་དང་། བློ་བཟང་དཀོན་མཆོག་དང་བློ་བཟང་ཚེ་རིང་གཉིས་ལ་རྒྱ་ནག་གཞུང་གིས་དྲང་བདེན་མ་ཡིན་པའི་ཁྲིམས་ཆད་བཅད་པ་དེར་མཉམ་འབྲེལ་རྒྱལ་ཚོགས་སོགས་ལ་ཞུ་བཏུགས་བྱ་རྒྱུ་ཡིན་པ་སོགས་བརྗོད་ཡོད་པ་ཚེ་རིང་སྐྱིད་ཀྱིས་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG