ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་གཏན་འབེབས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་གཏན་འབེབས།

༄༅།། ཕྱི་ཚེས་༣༡་ཉིན་སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༣་པའི་ལས་ཉིན་བཅུ་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་རྩིས་ལོ་༢༠༢༢-༢༠༢༣་བར་གྱི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་མ་དངུལ་ཧིན་སྒོར་༢༥༤༢༢༡༥༧༤༩་བཀའ་ཁྲོལ་གཏན་འབེབས་བྱུང་བའི་གཏོང་ལེན་ཁྲིམས་ཡིག་བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་གིས་སྒྲོགས་སྦྱང་ཞུས། སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གྱིས་ཚོགས་འདུ་མཇུག་སྡོམ་གྱི་གསལ་བསྒྲགས་གནང་བ་དང་སྦྲགས། ཕྱི་ཟླ་༣་པའི་ཚེས་༣༠་ཉིན་བོད་སྐྱེ་རྒུ་མདོར་བོད་པ་ཞིག་གིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་བྱུང་ཡོད་པར་གདུང་སེམས་མཉམ་སྐྱེད་ཡོད། དེ་བཞིན་མ་འོངས་པར་གནས་བབ་ལ་གཟིགས་ཏེ་ཁྲིམས་སྒྲིག་བསྐྱར་བཅོས་ཚོགས་ཆུང་འཛུགས་རྒྱུ་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་གྲོས་ཚོགས་ལ་ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཕྱི་ཟླ་དགུ་པར་འཚོགས་རྒྱུའི་གྲོས་ཚོགས་སུ་ཐག་གཅོད་དགོས་པའི་གྲོས་གཞི་བཏོན་རུང་ཁྲིམས་ཞིབ་ཆེ་བ་ལོ་རྗེས་མར་མ་གཏོགས་བསྐོ་ཐབས་མི་འདུག་ཅེས་ལན་འདེབས་གནང་ཞིང་། སྲིད་སྐྱོང་ནས་བཀའ་ཤག་གི་གསལ་བཤད་གནང་བར་སྤྱི་འཐུས་ཚོས་བགྲོ་གླེང་ཟིན་པའི་ཐད་ལན་འདེབས་ཀྱང་གནང་སོང་། གངས་ལྗོངས་དཔལ་འབྱོར་ཞབས་ཞུ་ཁང་གི་གནས་སྟངས་ཐད་སྤྱི་འཐུས་ལྷན་ཚོགས་ནས་ཞིབ་འཇུག་ཚོགས་ཆུང་ཟུར་འཛུགས་བྱ་རྒྱུ་དང་སྣར་ཐང་པར་ཁང་སྒོ་མ་བརྒྱབ་པར་མུ་མཐུད་དུ་རྒྱུན་གནས་དགོས་ཞེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་གཏབ་འབེབས་བྱུང་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་པ་འཇམ་དབྱངས་རྒྱ་མཚོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG