ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༢/༠༨/༡༢

སྤྱི་འཐུས་གྲོས་ཚོགས་སུ་བཅའ་ཁྲིམས་བསྐྱར་བཅོས་མ་ཐུབ་པ།


༄༅།། སྐབས་༡༧་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་གསུམ་པའི་ལས་ཉིན་དགུ་པའི་སྔ་དྲོའི་ཚོགས་ཐུན་གྱི་ཁྲིམས་བཟོའི་ལས་དོན་སྐབས་སུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་བཅའ་ཁྲིམས་དོན་ཚན་༦༣་ནང་གསེས་༢་པའི་ག་པའི་འོག་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་ཀྱིས་ཁྲིམས་ཁང་དུ་ལོ་ལྔའི་རིང་ཁྲིམས་དཔོན་གྱི་ལས་ཁུར་རྒྱུན་སྐྱོང་གནང་མྱོང་བའམ། ཡང་ན་ཉུང་མཐར་ཡང་ལོ་བཅུའི་རིང་ཁྲིམས་རྩོད་མཁས་པའི་གྲས་སུ་ཚུད་པ་མ་གཏོགས་འོས་བབ་མེད་ཅིང་། འོན་ཀྱང་བཅའ་ཁྲིམས་འདི་ཉིད་ལག་ལེན་འགོ་འཛུགས་བྱས་པ་ནས་བཟུང་ལོ་སུམ་ཅུའི་རིང་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས་བཅས་བསྐོ་བཞག་དགོས་རིགས་ནང་གསེས་འདིའི་ཆ་རྐྱེན་ཁག་ལ་བསྟུན་མི་དགོས་ཞེས་གསལ་བ་དེར་བསྐྱར་བཅོས་ཁྲིམས་འཆར་ནང་ལོ་༣༣་རིང་བསྟུན་མ་དགོས་ཞེས་གྲོས་གཞི་བཏོན། སྤྱི་འཐུས་ལྷན་ཚོགས་སུ་དེ་ལ་དགག་བྱ་བྱུང་སྟེ་ཚོགས་གཙོས་འོས་བསྡུ་གནང་སྐབས་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་༢༡་ལས་མ་བྱུང་བས་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དགོས་ངེས་རྩ་འབོར་སུམ་ཆའི་གཉིས་ཏེ། སྤྱི་འཐུས་༣༠་ཐམ་པ་མ་ལོན་པར་སྤྱི་འཐུས་ཚོགས་གཙོས་བཅའ་ཁྲིམས་བསྐྱར་བཅོས་བྱེད་ཐུབ་མེད་པའི་གསལ་བསྒྲགས་སྤེལ་བར་མ་ཟད། བཅའ་ཁྲིམས་ཆ་རྐྱེན་གཞིར་བཟུང་ཁྲིམས་ཞིབ་པ་ཆེ་བའི་འོས་མི་མ་རག་པས་བཀའ་ཤག་ལ་ལམ་སྟོན་གྱིས་བསྐྱར་བཅོས་འདི་མཚམས་སྦྱོར་བྱས་པ་ཞིག་ཡིན་ཞེས་འགྲེལ་བརྗོད་གནང་འདུག བཞུགས་སྒར་རྡ་རམ་ས་ལ་ནས་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG