ངོ་འཕྲད་བདེ་བའི་དྲ་འབྲེལ།
གཞུང་དངོས་ལ་ཐད་བསྐྱོད།
དཀར་ཆག་ལ་ཐད་བསྐྱོད།
ཐད་ཀར་འཚོལ་ཞིབ་ལ་བསྐྱོད།
བོད།
མདུན་ངོས།
ཨ་རི།
རྒྱ་ནག
འཛམ་གླིང་།
ཧི་མ་ལ་ཡ།
བརྙན་འཕྲིན།
ཀུན་གླེང་གསར་འགྱུར།
ཀུན་གླེང་།
དྲ་སྣང་གི་བོད།
དྲ་བརྙན་གསར་འགྱུར།
ཁ་བའི་མི་སྣ།
བུད་མེད་ལེ་ཚན།
དཔེ་ཀློག
ཆབ་སྲིད་བཙོན་པ་ངོ་སྤྲོད།
རླུང་འཕྲིན།
སྔ་དྲོའི་གསར་འགྱུར།
དགོང་དྲོའི་གསར་འགྱུར།
བགྲོ་གླེང་མདུན་ལྕོག
བསྐྱར་ཞིབ།
པོ་ཊི་ཁ་སི།
དཔེ་ཀློག
ཕ་ཡུལ་གླེང་སྟེགས།
ཆོས་རིག་ལེ་ཚན།
གཞོན་སྐྱེས་དང་ཤེས་ཡོན།
འཕྲོད་བསྟེན་དང་དོན་ལྡན་གྱི་མི་ཚེ།
གངས་རིའི་བྲག་ཅ།
བུད་མེད།
སོ་ཡ་ལ། བོད་ཀྱི་གླུ་གཞས།
གསར་འགོད་རང་དབང་།
Learning English
རྗེས་འབྲངས།
སྐད་ཡིག
འཚོལ།
ཐད་གཏོང་།
ཐད་གཏོང་།
འཚོལ།
སྔོན་མ།
རྗེས་མ།
Breaking News
གཟའ་ཕུར་བུ། ༢༠༢༦/༠༣/༡༢
བོད།
ལྷ་སར་ཞོ་སྟོན་དུས་ཆེན་ཚུགས་པ།
༢༠།༠༨།༢༠༢༠
ལྷ་སར་ཞོ་སྟོན་དུས་ཆེན་ཚུགས་པ།
འགྲེམ་སྤེལ།
འགྲེམ་སྤེལ།
པར་འདེབས་པ།
༄༅།། བོད་ཀྱི་སྲོལ་རྒྱུན་ལྟར་ཕྱི་ཟླ་༨་ཚེས་༡༩་ནས་རྒྱལ་ས་ལྷ་སར་དངོས་སུ་འབྲས་སྤུངས་དང་སེ་ར་དགོན་པར་ཞོ་སྟོན་དུས་ཆེན་ཚུགས་ཏེ་གོས་སྐུ་བཤམས། དགེ་འདུན་པ་ཚོས་ཁྲུས་གསོལ་དང་རབ་གནས། འབྲས་སྤུངས་གོས་སྐུའི་མདུན་དུ་ལྷ་མོའི་འཁྲབ་གཞུང་གཟིགས་འབུལ་ཞུས་ཏེ་མང་ཚོགས་སྟོང་ཕྲག་མང་པོས་གོས་སྐུ་མཇལ་བཞིན་ཡོད་ཅིང་། རྒྱ་གཞུང་གི་ཉེན་རྟོག་པ་རྣམས་གང་སར་བཀྲམ་ཡོད་པ་བཅས་ཀྱི་བརྙན་ཐུང་ཞིག་མིང་འདོན་བྱེད་འདོད་མེད་པའི་འབྲེལ་ཡོད་བོད་པ་ཞིག་གིས་གནས་ཚུལ་མཁོ་སྤྲོད་བྱས་བྱུང་། དེ་ཡང་གསར་འགྱུར་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་པ་ལྟར་ན། དེ་རིང་ཕྱི་ཚེས་༡༩་ཉིན་ནས་ཞོ་སྟོན་འགོ་ཚུགས། ད་ནངས་ཞོགས་པར་འབྲས་སྤུངས་དགོན་པ་དང་སེ་ར་དགོན་པར་གོས་སྐུ་མཇལ་དུ་འཇུག་གི་འདུག གོས་སྐུའི་མདུན་ཐང་དུ་ལྷ་མོ་འཁྲབ་སོང་། སྤྱིར་ད་ལོ་ཏོག་དབྱིབས་ནད་ཡམས་ཀྱིས་གོས་སྐུ་མཇལ་མཁན་མང་ཚོགས་ཚང་མས་ཁ་རས་མ་བརྒྱབ་པར་འགྲོ་ཆོག་གི་མི་འདུག དེ་མ་གཏོགས་མི་ཚོགས་འདུ་འཛོམས་ལ་གྲངས་ཚད་བཀག་སྡོམ་མི་འདུག འོན་ཀྱང་ད་ལོ་སྔོན་དང་མ་འདྲ་བར་ས་ཚིགས་ཁག་ཏུ་དམག་མི་དང་ཉེན་རྟོག་པ་འགྲེམ་འཇོག་བྱ་རྒྱུ་མང་དུ་བཏང་འདུག ད་ནངས་འབྲས་སྤུངས་དང་སེ་རའི་གཡས་གཡོན་གང་སར་ཉེན་རྟོག་པ་མང་པོ་བཀྲམ་སྟེ་དམ་དྲག་བྱེད་ཀྱི་འདུག་ཅེས་འགྲེལ་བརྗོད་གནང་སོང་།།
ཕྱི་ཚེས་༡༩་ནས་ཚེས་༢༥་བར་དུ་ནོར་བུ་གླིང་ཁ་དང་རྫོང་རྒྱབ་ཀླུ་ཁང་། པད་ནག་ལུང་ཤུར་དང་སྟག་གདོང་གྲོང་ཚོ། ལྷ་ཀླུའི་འདམ་ར། ཀྲོང་ཅིའི་ཐང་ཆེན་བཅས་ས་གནས་འདྲ་མིན་ཞིག་ཏུ་ཞོ་སྟོན་གྱི་ལྷ་མོ་འཁྲབ་སྟོན་བྱ་འཆར་འདུག ཡིན་ནའང་ད་ལོ་གནས་ཚུལ་གསར་པ་ཞིག་ལ་ཞོ་སྟོན་རིང་ནོར་བུ་གླིང་ཁར་མི་གྲངས་ཚད་གཞི་བཟོས་འདུག ཉིན་རེར་ས་གནས་མང་ཚོགས་༡༠༠༠༠་དང་ཕྱི་ནས་ཡོང་མཁན་ཡུལ་སྐོར་བ་མི་གྲངས་༥༠༠༠་མ་གཏོགས་གཏོང་མི་ཆོག་པ་བཟོས་འདུག མང་ཚོགས་དང་ལྟ་སྐོར་བ་ཚང་མས་ནོར་བུ་གླིང་ཁར་འཛུལ་བར་ཁ་རས་རྒྱག་དགོས་པ་དང་བདེ་ཐང་གི་ཨང་རྟགས། གྲོང་མིའི་ཐོབ་ཐང་ལག་འཁྱེར་བསྟན་ནས་ནུབ་སྒོའི་ནང་དུ་འཛུལ་དགོས་ཀྱི་འདུག ཞོ་སྟོན་རིང་ནོར་བུ་གླིང་ཁ་ཞོགས་པའི་ཆུད་ཚོད་༩་པ་ནས་དགོང་མོའི་ཆུ་ཚོད་༩་པའི་བར་དུ་སྒོ་འབྱེད་ཀྱི་འདུག པ་སི་འཚོང་བའི་དུས་ཚོད་ཀྱང་ཞོགས་པའི་ཚོུད་༩་པ་ནས་ཕྱི་དྲོའི་ཆུ་ཚོད་༥:༣༠་བར་དུ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།།
ད་དུང་ཞོ་སྟོན་རིང་ལྷ་མོ་འཁྲབ་སྟོན་མ་ཡིན་པར་ཟུར་དུ་བྱེད་སྒོ་མང་པོ་ཞིག་སྤེལ་གྱི་འདུག ཕྱི་ཚེས་༢༠་ཉིན་བྱང་གི་རྟ་རྒྱུག་ཐང་ལ་རྟ་རྒྱུག་འགྲན་སྡུར་དང་ཕྱི་ཚེས་༢༠་དང་༢༡་གཉིས་ལ་བྱང་གི་གནམ་མཚོར་གོམ་བགྲོད་། དེ་བཞིན་ཕྱི་ཚེས་༢༠་ནས་༢༥་བར་དུ་འདམ་གཞུང་རྫོང་དང་སྙེ་མོ། འཕན་པོ་ལྷུན་གྲུབ་རྫོང་བཅས་ལ་ཚོང་འདུས་ཆེན་པོ་ཞིག་འཚོགས་ཀྱི་འདུག
ཕྱི་ཚེས་༡༩་ནས་༢༡་བར་དུ་རྫོང་རྒྱབ་ཀླུ་ཁང་དུ་མིག་མངས་འགྲན་སྡུར་བྱེད་ཀྱི་ཡོད་པར་མ་ཟད། ལྷ་སའི་ལས་ཁུངས་ཁག་ཀྱང་ཕྱི་ཟླ་༨་ཚེས་༡༩་ནས་ཕྱི་ཚེས་༢༥་བར་དུ་ཉིན་བདུན་གྱི་རིང་ལ་ཞོ་སྟོན་དུས་ཆེན་གྱི་གུང་སེང་བཏང་འདུག་ཅེས་འགྲེལ་བརྗོད་གནང་སོང་།།
སྤྱིར་ཞོ་སྟོན་ཞེས་པ་ནི་བོད་ཀྱི་ལོ་རྒྱུས་ཡིག་ཆ་ཁག་ཏུ་གསལ་བ་ལྟར་ན། སྟོན་པ་བཅོམ་ལྡན་འདས་ཞལ་བཞུགས་དུས་སུ་རྒྱ་གར་དུ་དགེ་འདུན་པ་རྣམས་དབྱར་གནས་ལ་བཞུགས་པའི་རིང་དུ་ཞོའི་སྟོན་མོ་འབུལ་སྲོལ་ཡོད་པ་ཕྱིས་སུ་བོད་ཀྱི་གདན་ས་སེ་འབྲས་དགའ་གསུམ་ལ་དར་ཞིང་། ༧གོང་ས་ལྔ་པ་ཆེན་པོ་ངག་བློ་བཟང་རྒྱ་མཚོ་དང་རྒྱལ་དབང་སྐུ་ཕྲེང་༡༡་པ། རྒྱལ་དབང་སྐུ་ཕྲེང་༡༣་བཅས་རྒྱལ་དབང་སྐུ་ཕྲེང་གསུམ་གྱི་རིང་དུ་རིམ་བཞིན་ཞོ་སྟོན་ལྷ་མོའི་འཁྲབ་སྟོན་གསར་འཛུགས་དང་འཕེལ་རྒྱས། སྤྱི་ཚོགས་དང་མང་ཚོགས་ཀྱིས་སྤྲོ་སྐྱིད་གཏོང་བའི་རྣམ་པ་མཚོན་པའི་དུས་ཆེན་འཐུས་སྒོ་ཚང་བ་ཞིག་ཏུ་གྱུར། བོད་ཀྱི་ཐུན་མོང་མ་ཡིན་པའི་ལྷ་མོའི་འཁྲབ་སྟོན་ནི་དུས་རབས་༡༤་པར་བྱོན་པའི་གྲུབ་ཆེན་ཐང་སྟོང་རྒྱལ་པོས་སྲོལ་གཏད། དེ་ནས་བཟུང་སྟེ་ལོ་༦༠༠་ལྷག་ལ་དར་ཁྱབ་བྱུང་བའི་བོད་ཀྱི་ལོ་རྒྱུས་ལྡན་པའི་འཁྲབ་གཞུང་ཞིག་ཡིན་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་འདི་གའི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།
Embed
share
ལྷ་སར་ཞོ་སྟོན་དུས་ཆེན་ཚུགས་པ།
by
ཨ་རིའི་རླུང་འཕྲིན་ཁང་།
Embed
share
The code has been copied to your clipboard.
The URL has been copied to your clipboard
No media source currently available
0:00
0:04:29
0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
32 kbps | MP3
གསན་གཟིགས་གནང་ས།
འབྲེལ་ཡོད།
མཚོ་སྔོན་གྱི་བོད་ས་ཁག་བཞི་ལ་རྒྱ་མི་ཇེ་མང་དུ་གཏོང་འཆར།
བོད་པ་སུད་ཚོང་བ་ཚོར་དངུལ་སྒོར་བསྐྱི་རྒྱུའི་གསལ་བསྒྲགས།
XS
SM
MD
LG